མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་ཚོགས་པ་རེད། ཚོགས་འདུར་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི64ཡོད་པ་དང་། དངོས་ཞུགས་འཐུས་མི62ཡོད་པས་ཁྲིམས་གྱིས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་། ཀྲང་ཀོང་རུང་། མ་ཝའེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུང་། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས།

ཉའོ་ཁྲིན་ཡུང་གིས་ཚོགས་འདུར་མགོ་འཛིན་གནང་། གྲོས་ཚོགས་ལ་གྲོས་རིམ་ཁག་གསུམ་ཡོད་དེ།

གཅིག ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་མ་ཟིན་ལ་གྲོས་འཆམ་བྱུང་སྟེ། འཐུས་མི་ཚོགས་པ་སོ་སོར་གྲོས་ཞིབ་གནང་བར་ཕུལ།

གཉིས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་མ་ཟིན་ལ་གྲོས་འཆམ་བྱུང་སྟེ། འཐུས་མི་ཚོགས་པ་སོ་སོར་གྲོས་ཞིབ་གནང་བར་ཕུལ།

གསུམ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་མ་ཟིན་ལ་གྲོས་འཆམ་བྱུང་སྟེ། འཐུས་མི་ཚོགས་པ་སོ་སོར་གྲོས་ཞིབ་གནང་བར་ཕུལ།

ཚོགས་འདུའི་སྟེང་རིམ་པ་བཞིན་གོང་གི་གྲོས་རིམ་ཁག་གསུམ་ལ་གྲོས་འཆམ་བྱུང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།