མཚོ་སྔོན་​ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས2ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་རྗེས། སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་བསྡུས། ཚོགས་འདུ་མ་འཚོག་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ལས་དོན་མི་སྣའི་འཐུས་མིར་བྱམས་བརྩེའི་གཟིགས་ཞིབ་དང་འཚམས་འདྲི་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། ཚོགས་འདུའི་སྟེང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིང་གི《ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཕུལ་བྱུང་ལས་དོན་མི་སྣར་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་བྱས།

ཏུའུ་ཅེས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་དང་དེ་བཞིན་ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་འོག་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་། ཚོགས་འདུ་གྲ་སྒྲིག་བྱེད་པའི་རིང་ཚོགས་ཆེན་གྱི་ལས་དོན་ཚན་ཆུང་ཁག་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་ཏན་ཏིག་ཞིབ་ཚགས་ཀྱི་བྱ་བའི་སྤྱོད་ཚུལ་མཐའ་འཁྱོངས་ཀྱིས་སྔོན་ལ་ཇུས་འགོད་དང་འགན་འཁྲི་ནན་ཏན་དུ་བཏང་ནས་གོ་རིམ་ལྡན་པའི་ངང་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ། ཚོགས་འདུ་བདེ་བླག་ངང་འཚོག་པར་རྨང་གཞི་གལ་ཆེན་བཏིང་། ཚོགས་ཆེན་འཚོག་པའི་སྐབས་ལས་དོན་ཚན་ཆུང་ཁག་གིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་། ནུས་ཤུགས་མཉམ་འདོན། ཡག་ཐོག་ཡག་རྩེག་བཅས་ཀྱི་སྒོ་ནས་ཚད་གཞི་མཐོ་ལ་དང་སྤུས་ཚད་མཐོ་བའི་ཚོགས་ཆེན་གྱི་རྩ་འཛུགས་སོ་སོ་དང་ཞབས་ཞུ་འགན་ལེན་གྱི་ལས་འགན་སྣ་ཚོགས་ལེགས་བསྒྲུབས་བྱས་ཡོད་པར་བསྟན།

ཏུའུ་ཅེས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་སྲིད་གྲོས་ཀྱི་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལས་འགན་གསར་པ་དང་། བྱེད་ཐབས་གསར་པ། བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ནས་ང་ཚོས2021ལོའི་ལས་དོན་ཁག་བཟང་པོ་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་ལས་འགན་ཁ་གསལ་དུ་བཏང་བར་བསྟན་པ་མ་ཟད། ཚང་མས་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དོན་དངོས་སྒྲུབ་པའི་བྱ་བའི་སྤྱོད་ཚུལ་མུ་མཐུད་རྒྱུན་འཁྱོངས་དང་། ཚང་འཛོམས་གྲོས་ཚོགས་སྟེང་ཐོབ་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་བསྡོམས་དང་དར་སྤེལ་གཏོང་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཞིབ་ཕྲའི་ལག་ལེན་ཁྲོད་བེད་སྤྱོད་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྲིད་གྲོས་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།