མི་དམངས་མང་ཚོགས་ལ་བཅོས་བསྒྱུར་གྱི་ཁེ་ཕན་རེག་ཏུ་འཇུག་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བཅོས་བསྒྱུར་ནི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཡིན་པ་དང་།  “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱེད་པར་གོམ་མཚམས་མ་བཞག་པར་ཞིང་ཆེན་ནང་ཁུལ་དུ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཤུགས་བསྣན་ཏེ།  སྒོ་འབྱེད་དང་ངར་ཤུགས་རྒྱ་བསྐྱེད་བཏང་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱིས་བློ་ཁོག་ཡངས་པོས་འཛམ་གླིང་ཕྱོགས་སུ་བསྐྱོད།  ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་སྟེང“རྒྱུན་མཐུད་ངང་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་དང་རྒྱ་བསྐྱེད་གཏོང་རྒྱུ”ནི2021ལོའི་གཙོ་གནད་ཁ་ཕྱོགས8ཁྲོད་ཀྱི་གྲས་སུ་བཞག་པ་དང་།  “བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་སྒོ་འབྱེད་བྱ་རྒྱུ”ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི་འོས་འགན་གལ་ཆེན་ཡིན་ཞིང་།  དེ་བཞིན་དུ་བཅོས་བསྒྱུར་བྱ་རྒྱུ་ནི་འཐུས་མི་ཚང་མས་སེམས་འཁུར་བྱེད་ས་རུ་གྱུར་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་ཕྱེ་ནས་དུས་རབས་གསར་བར་འབད་བརྩོན་བྱེད་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་རྩོམ་པའི་ལོ་ལ་བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ་ཐོལ་བརྒལ་གསར་བར་ཇི་ལྟར་སྙེག་པ་དང་མི་དམངས་མང་ཚོགས་ལ་ཁེ་ཕན་མང་པོ་བསྐྲུན་རྒྱུ་ནི་བསྟུད་མར་ཉིན་འགའི་རིང་གི་འཐུས་མི་ཡོངས་ཀྱི་གླེང་བྱ་རུ་གྱུར་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།