“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་མཚོ་སྔོན་གྱི་བཟོ་སྐྲུན་ལས་རིགས་ཀྱིས་སྲོག་ཤིང་ཐོན་ལས་ལ་འདེགས་སྐྱོར་ནུས་པ་མངོན་གསལ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་བཟོ་སྐྲུན་ལས་རིགས་ཀྱིས་སྲོག་ཤིང་ཐོན་ལས་ལ་འདེགས་སྐྱོར་ནུས་པ་མངོན་གསལ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལ་ཕན་ནུས་ཐོན་ཚད་མུ་མཐུད་དུ་ཇེ་མཐོར་ཕྱིན། ཞིང་ཆེན་ཡོངས་ཀྱི་ཐོབ་ཐང་ལྡན་པའི་ཁེ་ལས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་འཕར་སྣོན་རིན་ཐང་བསྡོམས་རྩིས་ལྟར་ན་སྒོར་དུར་ཕྱུར2220ལ་བསླེབས་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གཉིས་པ”ལས16 .73%འཕར་ཡོད། བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་མུ་མཐུད་དུ་འཕེལ་བ་སྲུང་འཛིན་བྱས་ཤིང་། བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་བསྡོམས་རྩིས་ལྟར་ན་སྒོར་དུར་ཕྱུར1757ལ་བསླེབས་པ་དང་། ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད8%སྲུང་འཛིན་བྱས་ལ། “ལོ་ལྔའི་འཆར་གཞི་བཅུ་གཉིས་པ”ལས47.28%འཕར་ཡོད། 

ལོ་ལྔའི་རིང་ལ། རང་ཞིང་གིས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་རྣམ་པའི་འཕོ་འགྱུར་དང་ཐོན་ལས་སྒྲིག་གཞིའི་སྙོམས་སྒྲིག་བསྟུད་མར་ཇེ་མགྱོགས་སུ་བཏང་སྟེ། བཟོ་སྐྲུན་ཐོན་ལས་དེང་རབས་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། ལས་སྒོ་གསར་དུ་འབྱེད་པའི་སྒྲིག་སྦྱོར་རྣམ་པའི་བཟོ་སྐྲུན་རྒྱ་ཁྱོན་བསྡོམས་རྩིས་ལྟར་ན་སྨི་གྲུ་བཞི་མ་ཁྲི155.79ལ་བསླེབས། བཟོ་སྐྲུན་ལག་བསྟར་ཁྲོད་རིམ་པ་དང་པོའི་ཐོབ་ཐང་ལྡན་པའི་ཁེ་ལས38ཡོད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ལས་ཁེ་ལས14ཇེ་མང་དུ་སོང་ལ། ཐོབ་ཐང་དོན་ཚན47ལ་བསླེབས། ལས་གྲྭའི་སྤྱིའི་འགན་ལེན་ཚོད་ལྟའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། སྤྱིའི་འགན་ལེན་ལས་གཞིའི་ཉེན་ཁ་ཁག་བགོ་དང་ལྷག་འཕྲོ་བགོས་བཤའི་གཟེངས་བསྟོད་རྐྱེན་སྲོལ་བཙུགས་ལ། ཞིང་ཆེན་ཡོངས་སུ་བསྡོམས་པའི་ལས་གཞི162ལ་ལས་གྲྭའི་སྤྱིའི་འགན་ལེན་གྱི་འཛུགས་སྐྲུན་རྣམ་པ་སྤྱད་ཅིང་། གན་རྒྱའི་བསྡོམས་གྲངས་སྒོར་དུང་ཕྱུར65ལ་བསླེབས། ལས་གྲྭའི་སྤྱིའི་འགན་ལེན་ཚོད་ལྟའི་བྱ་བ་གནས་གཅིག་ནས་ཁྱོན་ཡོངས་སུ་རིམ་པ་ལྟར་རྒྱ་སྐྱེད་བཏང་། 

དུས་མཚུངས་སུ། བདེ་འཇགས་བྱེད་ཐབས་ཀྱི་འགན་སྲུང་བྱེད་ཤུགས་ཆེར་བཏང་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བཟོ་སྐྲུན་ལག་བསྟར་ལ་དོན་རྐྱེན་བྱུང་ཚད་དང་མིའི་ཤི་གྲངས“ལོ་ལྔའི་འཆར་གཞི་བཅུ་གཉིས་པ”ལས11.67%དང26.39%མར་ཆག བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཆ་སྙོམས་ཀྱི་དམིགས་ཚད་ལས་མི་འདའ་བར་ཚོད་འཛིན་བྱས། བདེ་འཇགས་ཐོན་སྐྱེད་གནས་བབ་སྤྱིའི་ཆ་ནས་བརྟན་ཅིང་བརླིང་ལ་གོ་རིམ་ལྡན་པས། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་ཁག་ཐེག་བྱས། 

ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་ཝང་ཧྥ་ཁྲང་གིས་བསྟན་དོན། རྗེས་ཕྱོགས་སྔར་ལས་ལྷག་པའི་སྒོ་ནས་བཟོ་སྐྲུན་ལས་རིགས་ཀྱི་འབྲེལ་མཐུད་བྱེད་ཚད་མཐོ་བ་དང་། སྐུལ་ཁྲིད་རང་བཞིན་དྲག་པ། ལས་ཞུགས་བྱེད་ཚད་ཆེ་བ་སོགས་ཀྱིི་ལེགས་ཆ་འདོན་སྤེལ་ལེགས་པོར་བྱས་ནས། བཟོ་སྐྲུན་ལས་རིགས་སྔར་ལས་ཕན་ཕྱོད་མཐོ་བ་དང་། སྤུས་ཚད་མཐོ་བ། ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་གྱིས་མངོན་འགྱུར་བྱེད་དུ་བཅུག་སྟེ། མཐོ་སྒང་འཛུགས་སྐྲུན་གྱི“མཚོ་སྔོན་མ་དཔེ”བསྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།