ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད།

(2021ལོའི་ཟླ2པོའི་ཚེས2ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་གྲོས་ཚོགས་ལས་གྲོས་འཆམ་བྱུང་།)

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བས་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཕུལ་བའི་བྱ་བའི་སྙན་ཞུར་ཆོག་མཆན་ཐོབ་པ་དང་། གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2020ལོའི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། 2021ལོའི་བྱ་བའི་བཀོད་སྒྲིག་ལ་འཐད་པ་བྱུང་ཞིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནན་ཏན་གྱིས་རྩ་འཛུགས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།