མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པོའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་འདུར་ཞུགས་འོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི64དང་། དངོས་སུ་ཐོན་པའི་མི60ཡོད་ལ། ཁྲིམས་བཅད་མི་གྲངས་དང་མཐུན། 

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན། ཀྲང་ཀོང་རོང་། མཱ་ཝའེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཅཱ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས། 

ཉི་མ་སྒྲོལ་མས་ཚོགས་འདུར་མགོ་འཛིན་བྱས། ཚོགས་འདུའི་གྲོས་རིམ་ལ་སྣ་བཅུ་གསུམ་ཡོད་དེ། 

གཅིག་ནི། སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་ཞིབ་བྱས།

གཉིས་ནི། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་དང་2035ལོའི་དམིགས་འབེན་རྩ་གནད་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུར་ཉན་པ་མ་ཟད་གྲོས་འཆམ་བྱུང་།

གསུམ་ནི། མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་དང་2035ལོའི་དམིགས་འབེན་རྩ་གནད་ཀྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་ཞིབ་བྱས། 

བཞི་ནི། མཚོ་སྔོན་ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུར་ཉན་པ་མ་ཟད་གྲོས་འཆམ་བྱུང་། 

ལྔ་ནི། མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་ཞིབ་བྱས། 

དྲུག་ནི། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི2020ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2021ལོའི་སྔོན་རྩིས་འཆར་ཟིན་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུར་ཉན་པ་མ་ཟད་གྲོས་འཆམ་བྱུང་། 

བདུན་ནི། མཚོ་སྔོན་ཞིང་ཆེན་གྱི2020ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2021ལོའི་སྔོན་རྩིས་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་ཞིབ་བྱས། 

བརྒྱད་ནི། འཐུས་མིས་བཏོན་པའི་གྲོས་གཞིའི་ཐག་གཅོད་བསམ་འཆར་གྱི་སྙན་ཞུར་ཉན་པ་མ་ཟད་གྲོས་འཆམ་བྱུང་།

དགུ་ནི། འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་བགྲོ་གླེང་བྱས། 

བཅུ་ནི། ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་འདེམས་མིའི་གྲོས་འཆམ་བྱེད་ཐབས་ཀྱི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་བགྲོ་གླེང་བྱས།

བཅུ་གཅིག་ནི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་ལས་གནས་དགོངས་ཞུ་བྱེད་པའི་རེ་ཞུའི་ཐག་གཅོད་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་བགྲོ་གླེང་བྱས།

བཅུ་གཉིས་ནི། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདེམས་སྒུག་མི་སྣ། ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གསབ་འདེམས་བཅས་ཀྱི་འདེམས་མིའི་གནས་ཚུལ་མཚམས་སྦྱོར་བྱས། 

བཅུ་གསུམ་ནི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གསབ་འདེམས་བཅས་ཀྱི་འདེམས་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། ཀྲུའུ་ཞི་ཚོགས་པའི་མིང་བཏོན་པ་ལྟར། འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་ནང་གྲོས་བྱས། 

གྲོས་ཚོགས་ཀྱིས་རིམ་པ་བཞིན་གོང་གི་གྲོས་རིམ་སྣ་བཅུ་གསུམ་ལ་གྲོས་འཆམ་བྱུང་།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།