འཐུས་མི་དང་ཨུ་ཡོན་ཚོས་ཐབས་འདོན་ཇུས་འབུལ་བྱས།

མི་དམངས་ཀྱི་རིག་གནས་ཐོབ་སྣང་མཐོ་རུ་གཏོང་བ།

རིན་ཆེན་སྒྲོལ་མ། མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ལས་བྱེད་པ།

 ཉེ་བའི་ལོ་འགའི་རིང་། ཐུན་རིན་གྲོང་ཁྱེར་གྱིས་རེབ་གོང་སྒྱུ་རྩལ་རིག་གནས་ལ་རྐང་བཙུགས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ཁུངས་ཀྱི་རྨང་མཐུག་པའི་དགེ་མཚན་ལ་བརྟེན་ནས། རིག་གནས་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་བཏང་། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་དང་རེ་འདུན་སྐོང་བར་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྣམ་པ་གསར་བའི་རིག་གནས་ཀྱི་གནས་བབ་དང་རིག་གནས་འཛད་སྤྱོད་ཀྱི་རྣམ་པ་གསོ་སྐྱོང་བྱས་ནས། སྤུས་ཚད་མཐོ་བའི་རིག་གནས་མཁོ་འདོན་གྱིས་མི་དམངས་ཀྱི་རིག་གནས་ཐོབ་སྣང་མཐོ་རུ་གཏོང་དགོས། 

1.jpg

བཀག་མེད་སྒྲིག་ཆས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ།

ལའེ་ཆིན་རོས། སྲིད་གྲོས་ཨུ་ཡོན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།

མི་བགྲོད་སའི་དབང་བོ་སྐྱོན་ཅན་བགྲོད་ལམ་གྱི་བཀག་དངོས་མེད་པར་བཟོས་ཏེ། ལུགས་མཐུན་སྒོས་རྡོ་གཅལ་གཏོང་བ་ཚད་ལྡན་དུ་བཟོ་བ་དང་། ཁོར་སྲུང་རྒྱུ་ཆ་སྤྱད་དེ་ས་རྐོ་སོགས་བསུབ་ནས། མི་བགྲོད་སའི་བདེ་འཇགས་ཉེན་ཁ་མེད་པར་བཟོ་དགོས། ཚོང་ར་དང་སྒོ་རྩིས་ཚོང་ཁང་སོགས་སྤྱི་བའི་གནས་སུ་བཀག་མེད་བགྲོད་ལམ་བཀོད་སྒྲིག་བྱེད་པ་དང་། ཁ་ཕྱོགས་དང་གནས་ཚད་ཀྱི་དབང་བོ་སྐྱོན་ཅན་གྱི་ཡི་གེ་བཀོད་སྒྲིག་བྱེད་པ་དང་། སྤྱོད་ཁང་དུ་སྟབས་བདེ་མིན་པའི་མི་སྣར་ཆེད་སྤྱོད་གསང་སྤྱོད་བཀོད་སྒྲིག་དང་། སྤྱི་སྤྱོད་རླངས་འཁོར་དུ་སྐད་བརྡའི་གསལ་སྟོན་བཀོད་སྒྲིག་བྱེད་དགོསར། 

2.jpg

གཞི་རིམ་སྨན་བཅོས་ཀྱི་མཐའ་སྐྱོང་དགོས།

འབྲུག་མོ། ཞིང་ཆེན་དམངས་ཆེན་འཐུས་མི། ཆི་ལེན་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ལས་དོན་ཚན་ཁག་གི་མགོ་གཙོ། 

འཕྲོད་བསྟེན་ཁང་ནི་རིམ་པ་གསུམ་པའི་སྨན་བཅོས་ཞབས་ཞུ་མ་ལག་གི་རྨང་གཞི་ཡིན་ཞིང་། ཞིང་སྡེའི་སྨན་པས་རྒྱ་ཆེའི་རོང་འབྲོག་དམངས་ལ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱེད་པའི་ལས་འགན་ཕྲག་ཏུ་བླངས་ཡོད། ད་ཡོད་ཀྱི་ཞིང་སྡེའི་སྨན་པའི་ཆེད་ལས་ལག་རྩལ་གསོ་སྦྱོང་གི་ཤུགས་ཚད་ཆེ་རུ་གཏོང་དགོས་པ་མ་ཟད། མཐོ་རིམ་གསོ་རིག་སློབ་གླིང་ནས་མཐར་ཕྱིན་པའི་སློབ་མ་སྡེ་བའི་སྨན་པའི་དཔུང་ཁག་ཁྲོད་ནང་འགུག་བྱས་ནས། ཞིང་སྡེའི་སྨན་པའི་ལས་གནས་ཀྱི་འགུག་ཤུགས་དང་གཏན་འཇགས་རང་བཞིན་མཐོ་རུ་གཏོང་དགོས། 

3.jpg

སྡོད་ཁང་གླ་བའི་ཚོང་ར་ཚད་ལྡན་དུ་གཏོང་དགོས།

ཝང་ཐུང་ལིན། ཞིང་ཆེན་སྲིད་གྲོས་ཨུ་ཡོན། མཚོ་སྔོན་ཏིན་ཐའེ་ས་ཁང་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་གཙོ།

སྡོད་ཁང་གླ་བའི་དོ་བདག་གི་དངོས་མིང་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། ཁེ་ལས་དང་མང་ཚོགས་ལ་ཁང་བའི་ཐོན་ཁུངས་ཞིབ་བཤེར་དང་བརྡ་འཕྲིན་ཁྱབ་བསྒྲགས། དྲ་ཐོག་ཐོ་འགོད། ཚོང་རའི་གཙོ་རྒྱུགས་བརྡ་འཕྲིན་རྩད་ཞིབ་དང་ཡིད་རྟོན་དཔྱད་འཇོག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས། སྲིད་ཇུས་བྱེད་ཐབས་གཏན་འཁེལ་བྱས་ཏེ། སྡོད་ཁང་གླ་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། སྡོད་ཁང་གླ་བའི་ཚོང་ར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

4.jpg

ཆེད་ལས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

མ་ཡུས་ལན། ཞིང་ཆེན་དམངས་ཆེན་འཐུས་མི། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཆེད་ལས་ལག་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པ།

 ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་ཆེད་ལས་སློབ་གསོའི་འཕེལ་རྒྱས་ལ་དགའ་འོས་པའི་གྲུབ་འབྲས་བླངས་ཤིང་། ལོ་ལྔའི་འཆར་གཞི་བཅུ་བཞི་བ་མགོ་རྩོམ་པའི་ལོ་འདིར། གནད་འགག་གནད་དོན་དང་འབྲེལ་ཏེ་སྲིད་ཇུས་མཁོ་འདོན་ལ་ཤུགས་བསྣན་ནས། མི་རིགས་ས་ཁུལ་གྱི་ཆེད་ལས་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་ཆེད་ལས་སློབ་གསོའི་མི་འདང་ས་ཁ་གསབ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་སྐོར་ཞིག་གསར་སྐྲུན་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས། 

5.jpg

ཁྱིམ་ཚང་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།

ཅཱ་ཡུས་ལན། ཞིང་ཆེན་སྲིད་གྲོས་ཨུ་ཡོན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྟོན་ཁང་གི་ཀྲུའུ་རིན། 

སློབ་གསོ་ནི་སློབ་གྲྭ་གཅིག་པུར་བརྟེན་མི་རུང་ལ། ཁྱིམ་ཚང་སློབ་གསོ་ཡང་སློབ་གསོ་སློབ་ཁྲིད་སྤུས་ཚད་མཐོར་འདེགས་སུ་གཏོང་བར་མེད་དུ་མི་རུང་བའི་རྒྱུ་རྐྱེན་ཞིག་ཡིན། ཁྱིམ་ཚང་སློབ་གསོའི་གོ་གནས་མཐོ་རུ་གཏོང་བ་དང་། ཁྱིམ་ཚང་སློབ་གསོའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་དང་། སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོའི་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ནས། སློབ་གསོའི་འཕེལ་རྒྱས་ཀྱི་བཀག་རྒྱ་གཏོར་དགོས། སྤྱི་ཚོགས་དང་སྨྱན་བྱད་ཀྱིས་ཁྱིམ་སྲོལ་སྤྱོད་བཟང་གི་སྣེ་ཁྲིད་དང་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། སློབ་སྔོན་སློབ་གསོའི་དགེ་རྒན་གྱི་སྤུས་ཚད་ལ་དོ་དམ་ལེགས་པོ་བྱེད་དགོས། 

6.jpg

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།