མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས2ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་བསྡུས། ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཞིང་ཆེན་བསྡོམས་རྩིས་ཅུའུ་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ལྷན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ལས་ཁུངས7དང་ས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་ཞུ་བྱས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པར་རྒྱང་ལྟ་དང་། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བའི་མགོ་རྩོམ་པ”བརྗོད་དོན་གཙོ་བོར་བཟུང་ནས་ཁྱབ་བསྒྲགས་བྱས་པ་རེད།

གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུར་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་དྲིལ་བསྒྲགས་ཚན་ཆུང་གི་ཚན་གཙོ་ཝང་ཀྲི་མིང་གིས་མགོ་འཛིན་བྱས། 

ཟླ2པའི་ཚེས1ཉིན། “ཚོགས་ཆེན་གཉིས”ཀྱི་འཐུས་མི་དང་ཨུ་ཡོན་ཚོས《མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད(འཆར་ཟིན)》ལ་གྲོས་ཞིབ་བྱས།》རྩ་གནད》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཕྱོགས་ཡོངས་ནས་ཚད་བསྡུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། མཚོ་སྔོན་གྱི་འབྱུང་འགྱུར་གྱི་ལོ་ལྔ་དང་ཐ་ན་ལོ་བཅོ་ལྔའི་འཕེལ་རྒྱས་འཆར་གཞིར་ཕྱོགས་ཡོངས་ནས་འཆར་འགོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་པར་འཐུས་མི་དང་ཨུ་ཡོན་ཚོས་དགའ་བསུ་ཐོབ།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡུས་ཧྥུན་གྱིས་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་གྲུབ་འབྲས་གཙོ་བོ་ངོ་སྤྲོད་དང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞའོ་ཞང་ཏུང་གིས་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའིའ་ཆར་གཞི་བཅུ་བཞི་པའི”འཆར་འགོད་ལ་གསལ་འགྲེལ་བྱས་ལ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལུའི་ཞན་ཧྭ་ཡིས་མཚོ་སྔོན་ཞིང་ཆེན་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གི་ཕན་འབྲས་གཙོ་བོ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”བཅོས་སྒྱུར་ལས་འགན་གཙོ་བོ་འབྲེལ་མཐུད་བྱ་ཚུལ་ངོ་སྤྲོད་བྱས། ཞིང་ཆེན་འབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མཱ་ཀྲིན་ཅུན་གྱིས་རང་ཞིང་གིས་དབུལ་ཐར་འགག་སྒྲོལ་མཇུག་འབྲས་སྲ་བརྟན་དང་ཤང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་དམ་དུ་སྦྲེལ་བའི་བྱ་བའི་བཀོད་སྒྲིག་ངོ་སྤྲོད་བྱས།  ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་རང་ཞིང་གིས“རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དཔེ་སྟོན་ཞིང་ཆེན”འཛུགས་སྐྲུན་བྱས་པའི་གནས་ཚུལ་ངོ་སྤྲོད་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆན་ཀའོ་ཆིན་གྱིས་མཚོ་ལྷོ་ཁུལ་གྱིས“གྲངས་འཛིན་དཔལ་འབྱོར”འཛུགས་སྐྲུན་དང་། “སྤུས་ཚད་མཐོ་བའི་འཕེལ་རྒྱས”སྐུལ་འདེད་ལ་རོགས་འདེགས་བྱས་པ་ངོ་སྤྲོད་བྱས། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡོང་ཁྲང་གིས་“གསར་བརྗེའི་ཡུལ་སྐོར”འཛུགས་སྐྲུན་དང་། མཚོ་སྔོན་གྱི་སྙིང་སྟོབས་དང་རིག་གནས་ཀྱི་མཐོ་ས་འཛུགས་སྐྲུན་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས། 

ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་གསར་འགྱུར་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་ཁྱབ་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།