མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་རྒྱུན་ལས་ཀྲུའུ་ཞུའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས2ཉིན་གྱི་ཕྱི་དྲོར།  མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་།  ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་མཛིན་མཛད་ཅིང་།  ཀྲུའུ་ཞིའི་ཚོགས་པས་རྒྱུན་ལས་ཀྲུའུ་ཞི་ཀྲང་ཀོང་རུང་དང་མ་ཝའེ།  ཀའོ་ཧྭ།  ཉི་མ་སྒྲོལ་མ།  ཉའོ་ཁྲེང་ཡུན།  ཝུའུ་ཧའེ་ཁུན།  ལིག་ཐུང་ཏི།  ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས་པ་དང་མིང་ཡུང་ཧྲན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚོགས་ཐོག་ཏུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་གྲོས་ཚོགས་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་།  ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུའི་བསྒྱུར་བཅོས་གནས་ཚུལ་བཅས་ལ་ཉན་པ་དང་།  ཞིང་ཆེན་དམངས་ཆེན་རྒྱུན་ལས་གྲོས་ཚོགས་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་།  ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་སྙན་ཞུའི་གྲོས་གཞིའི་འཆར་ཟིན་བཏོན་པ་དང་གྲོས་བསྡུར་བྱས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།