མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

微信图片_20210203150628.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས2ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ལས་འགན་ཁག་ལེགས་པར་གྲུབ་སྟེ། མཚོ་སྔོན་ཚོགས་འདུ་ལྟེ་གནས་ནས་རྒྱལ་ཁའི་ངང་མཇུག་བསྒྲིལ། 

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧེ་ཡུན། ཝང་ཞོན། ཏུའུ་ཏེ་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥུན་ཧྲིན། དྲུང་ཡིག་ཆེན་མོ་ལིག་ཏ་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། 

ཝང་ཅན་ཅུན་དང་། ཞིན་ཁྲང་ཞིང་། པདྨ། མགོན་པོ་བཀྲ་ཤིས། ཐིང་ཅ་ཚའེ། ལི་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལེ། ཡན་པའོ། ཁྲིན་རོས་ཧྥིན། ལིག་ཀུ་ཕིང་། ཝང་ལི་མིང་བཅས་གདན་ཞུ་ལྟར་གྲོས་ཚོགས་ལ་ཕེབས་ཏེ་ཀྲུའུ་ཞི་སྟེགས་བུར་བཞུགས། 

གྲོས་ཚོགས་ལ་ཨུ་ཡོན395བསླེབ་དགོས་ཤིང་། མཇུག་སྒྲིལ་ཚོགས་ཆེན་ལ་ཨུ་ཡོན352སླེབས་ཡོད་པས། མི་གྲངས་གཏན་འབེབས་དང་མཐུན། 

རྡོ་རྗེ་རབ་བརྟན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་དེ་གསུང་བཤད་གནང་། 

ཚོགས་ཐོག་ནས་རིམ་བཞིན་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཇུས་གཞི་དང་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཇུས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཆབ་སྲིད་ཆོད་དོན་བཅས་ལ་གྲོས་འཆམ་བྱུང་། 

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལག་བསྟར་དང་། ལོ་བརྒྱ་ཕྲག་གཉིས་པའི་འཐབ་རྩོད་དམིགས་འབེན་གྱི་རྒྱང་སྐྱོད་གསར་པ་མགོ་རྩོམ་པའི་གནད་འགག་གི་སྐབས་སུ་བསྡུས་པའི་གྲོས་ཚོགས་གཟབ་རྒྱས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། གྲོས་ཚོགས་སྐབས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གྲོས་ཚོགས་མགོ་རྩོམ་པ་དང་མཇུག་སྒྲིལ་བའི་ཚོགས་ཆེན་ལ་ཞུགས་པ་དང་། ཚོ་ཆུང་ཁག་གི་བགྲོ་གླེང་ལ་ཞུགས་ཤིང་། ཨུ་ཡོན་རྣམས་དང་མཉམ་དུ་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཇུས་ཆེན་ལ་བགྲོ་གླེང་མཛད། ཚོགས་ཐོག་གི་ཨུ་ཡོན་དང་ལྷན་དུ་ཚད་མཐོ་བའི་ཆབ་སྲིད་འགན་འཁྲི་དང་གསོན་ཤུགས་ཀྱི་ཁེངས་པའི་བསམ་པའི་ཉམས་འགྱུར་སྒོས་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་གནད་བསྡུས།(མ་ཟིན) སྙན་ཞུ་གཞན་དག་བཅས་ལ་བགྲོ་གླེང་ཟབ་མོ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཇུས་གཞི་བྱ་བའི་གནས་ཚུལ་སྙན་ཞུ་སོགས་འབྲེལ་ཡོད་ཡིག་ཆར་ནན་ཏན་གྱིས་གྲོས་ཞིབ་བྱས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ལེགས་པོ་རྩོམ་པ་དང་ལས་སྒོ་ཡག་པོར་འབྱེད་པའི་ཐད་ལ་གྲོས་མོལ་བསམ་འཆར་བརྗོད་པ་ལ་དམ་པོར་དམིགས་པས། རིན་ཐང་ཡོད་པ་དང་། ནང་དོན་ལྡན་པ། ཤུགས་རྐྱེན་ཆེ་བའི་བསམ་འཆར་མང་པོ་བཏོན་ཅིང་། དེ་ལས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགན་ལེགས་པར་སྒྲུབ་པ་དང་། མི་དམངས་ཀྱི་སླད་དུ་འགན་ལེགས་པོར་ཁུར་བའི་བློ་ཁོག་དང་སྤོབས་པ་ལེགས་པོར་མཚོན་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གསོན་ཤུགས་ལེགས་པོར་མངོན་ཡོད་པར་བརྟེན། འདི་ནི་དམངས་གཙོ་དར་སྤེལ་དང་། མཐུན་སྒྲིལ་འཆང་བ། ཡིད་ཆེས་བརྟན་པ། འབད་བརྩོན་མདུན་སྐྱོད་ཀྱི་ཚོགས་ཆེན་ཐེངས་ཤིག་ཡིན་ཞེས་བསྟན། 

རྡོ་རྗེ་རབ་བརྟན་གྱིས་ནན་གསུང་གནང་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲང་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་ཡིན་ལ། རང་ཞིང་གིས“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལག་བསྟར་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པ་མགོ་རྩོམ་པའི་ལོ་དང་པོ་ཡང་ཡིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་བཙུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ཏུ་བསྟར་བ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་བསྐྲུན་པ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་རི་མོ་བྲིས་ཡོད། ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱིས་གྲོས་ཞིབ་བྱས་པའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ནང་དོན་གནད་བསྡུས་ཀྱིས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་ལ་ལེགས་པོར་དམིགས་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བྱེ་བྲག་གི་ལས་འགན་ཡི་གེ་དང་བཟོ་སྐྲུན་དཔེ་རིས་ཞིབ་འཇུག་དང་གཏན་འབེབས་བྱས། རྒྱང་སྐྱོད་གསར་པ་མགོ་རྩོམ་པ་དང་། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རུབ་འཛོམས་དུང་ཆེན་བསྒྲགས་པས། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ལ་ངར་སེམས་རྒྱས་ཤིང་སྐུལ་མ་ཆེན་པོ་ཐེབས་ཡོད་ཞེས་གསུངས། 

རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་པ་དང་། བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་ཆེན་པོ་ཁོང་དུ་ཆུད་པ། འགན་འཁྲི་ཁུར་སེམས་ཇེ་དྲག་ཏུ་གཏོང་བ། ངེས་པ་དོན་གྱི་མི་དམངས་སྲིད་གྲོས་ཀྱི“དངོས་འབེབས་བྱེད་པ་དང་གོང་བུར་འགྲིལ་བའི”ཆབ་སྲིད་ཀྱི་འགན་འཁྲི་ལེགས་པོར་ཁུར་བ། ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་ལག་བསྟར་དང་ཆེས་ཆེ་བའི་ངོས་ཟིན་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་སྐུལ་འདེད་བྱེད་དགོས། གཅིག་ནས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པའི་ཁྲོད་ནས་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་ལེགས་ཆ་འདོན་སྤེལ་ལེགས་པོར་བྱེད་པ་དང་། རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་སྲིད་གྲོས་ཨུ་ཡོན་རྣམས་རིམ་པ་སོ་སོའི་མང་ཚོགས་ཁྲོད་དུ་ཟབ་ཞུགས་བྱེད་པ། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”གྲུབ་འབྲས་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱེད་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”བཅོས་སྒྱུར་འཕེལ་རྒྱས་ཀྱི་བྱེད་ཐབས་འབད་པ་ཆེན་པོས་གསལ་འགྲེལ་བྱེད་པ། རིམ་ཁག་མང་ཚོགས་ཀྱིས་སེམས་ཁུར་དོ་སྣང་བྱེད་པ་ལ་ནན་ཏན་གྱིས་ལན་འདེབས་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་རིགས་སྡེ་སོ་སོའི་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་གལ་ཆེན་གྱི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། མཐུན་སྒྲིལ་དམ་པོས་གཏན་འབེབས་དམིགས་ཡུལ་ཕྱོགས་སུ་འབད་པ་ཆེན་མོས་བསྐྱོད་དེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ལེགས་པོར་རྩོམ་པ་དང་ལས་སྒོ་ལེགས་པོར་འབྱེད་པར་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་འདུས་པར་བྱེད་དགོས། གཉིས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པར་ཤུགས་སྣོན་པའི་ཁྲོད་ནས་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱིས་གཏན་འབེབས་བྱས་པའི་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ལ་སྐུལ་འདེད། “དཔལ་འབྱོར་གྱི་རྣམ་པ་ལྔ”གསོ་སྐྱོང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར། མི་རིགས་མཐུན་སྒྲིལ་མདུན་སྐྱོད་ལ་སྐུལ་འདེད། དམངས་འཚོ་ལེགས་བཅོས་ལ་རོགས་འདེགས་སོགས་གཙོ་གནད་ལས་དོན་ལ་ཕྱོགས་ཏེ། ལོ་འཁོར་གྱི་གྲོས་མོལ་འཆར་གཞི་ནན་ཏན་གྱིས་དངོས་འབེབས་བྱེད་དགོས་ལ། བརྟག་དཔྱད་ཀྱི་སྤུས་ཚད་མཐོར་འདེགས་པ་དང་། དམངས་གཙོ་ལྟ་སྐུལ་ལ་མཐོང་ཆེན་བྱེད་པ། རང་འགུལ་གྱིས་གྲོས་མོལ་བསམ་ཚུལ་འདོན་པ། “ཚོགས་ཆེན་གཉིས”ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ་རྩ་བ་ཟུག་པ་དང་། སྔོན་དཔག་གི་དམིགས་འབེན་མངོན་འགྱུར་ཡོང་བར་རོགས་འདེགས་བྱེད་དགོས། གསུམ་ནས་འགན་སྒྲུབ་གསར་གཏོད་ལ་ཤུགས་སྣོན་པའི་ཁྲོད་དངོས་འབེབས་ལ་སྐུལ་འདེད་བྱེད་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ལས་འགན་དང་། འགན་སྒྲུབ་གཙོ་གནད། ལས་དོན་བླང་བྱ་བཅས་ཁོང་དུ་ལེགས་པར་ཆུད་པ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་གནས་ཚད་འབུར་དུ་དོད་པ། འགན་སྒྲུབ་གསར་གཏོད་དང་ལག་ལེན་འཚོལ་ཞིབ་བྱེད་ཤུགས་ཆེར་སྐྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་དང་། ཨུ་ཡོན་གྱི་གཙོ་གཞིའི་ནུས་པ། སྲིད་གྲོས་སྒྲིག་གཞིའི་ཞབས་ཞུ་འགན་སྲུང་ནུས་པ་བཅས་འདོན་པར་དང་དོད་བྱེད་པ། སྲིད་གྲོས་ཀྱི་ལས་དོན་ཁག་གི་སྤུས་མཐོ་ཕན་འདེགས་ལ་སྐུལ་འདེད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་འཕེལ་ཕྱོགས་ཆེན་པོར་འདྲེས་པར་བྱེད་དགོས། བཞི་ནས་ལས་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཁྲོད་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་བདེན་འཚོལ་དངོས་གཉེར་གྱི་བྱ་བའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་སྲོལ་ཡིག་གི་དགོངས་དོན་གཟབ་ནན་གྱིས་དངོས་འབེབས་བྱེད་པ། རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མུ་མཐུད་དུ་བཅོས་སྒྲིག་བྱེད་པ། ངེས་པ་དོན་གྱིས་འགན་ཁུར་སེམས་ལ་བཟུང་བ་དང་། ལས་འགན་ཕྲག་ཏུ་ལེན་པ། འགན་སྒྲུབ་ལག་ཏུ་བསྟར་བ་བཅས་བྱེད་དགོས། ད་ལོའི་སྲིད་གྲོས་ཀྱི་ལས་དོན་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་སྤུས་ཚད་དང་། ཕན་ཕྱོད། ཕན་འབྲས་བཅས་སྐྱེ་ལྡན་གཅིག་གྱུར་འབྱུང་བར་མཐོང་ཆེན་བྱེད་པ་དང་། ཏན་ཏན་ཏིག་ཏིག་གི་འགན་སྒྲུབ་ཕན་འབྲས་ལ་བརྟེན་ནས། འབད་པ་ཆེན་མོས་རྒྱང་སྐྱོད་གསར་པར་ཞབས་ཞུ་སྒྲུབ་པ་དང་། འགན་ཁུར་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན། 

ཀྲང་ཀོང་རུང་དང་མཱ་ཝེ། ཉི་མ་སྒྲོལ་མ། ཉོའོ་ཁྲིན་ཡུང་། ཝུའུ་ཧེ་ཁུང་། ལིག་ཐུང་ཏེ། ཁོང་ཡུང་། དབྱང་ཧྥུན་ཁྲིན། ཀྲང་ལི། ལིག་ཐའོ། དབྱང་ཀྲི་ཝུན། ཀྲང་ཙིག་ཅུན། མིང་ཡུང་ཧྲན། མཱ་ཀྲི་ཝེ། ལི་ཙེད་ཡོན་སོགས་ཀྱང་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད། 

ཝང་ཞའོ་ཡུང་དང་ཀྲང་ཧྲོའུ་ཁྲིན་གཉིས་ཀྱང་གདན་ཞུ་ལྟར་ཚོགས་ཆེན་ལ་ཕེབས་ཏེ་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། 

ཚོགས་ཆེན་ནི་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་བསྒྲིལ། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།