མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར1དང་རྫོང5རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་མིང་ཐོའི་ཁྲོད་ཚུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས2021-2023ལོའི་གསར་སྐྲུན་དུས་སྐབས་ནང་གི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གྱི་མིང་ཐོ་གཏན་ཁེལ་བྱས། ཐེངས་འདིའི་གསར་སྐྲུན་དུས་སྐབས་ཁྲོད།  མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར1དང་རྫོང5བདེ་བླག་ངང་དེའི་ཁོངས་སུ་ཚུད་ཡོད།

རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་ནི་རྒྱལ་ཡོངས་གྲོང་ཁྱེར་སྤུས་རྟགས་ཡོད་ཚད་ཀྱི་ཁྲོད་སྤུས་ཚད་ཆེས་མཐོ་བ་དང་། གསར་སྐྲུན་དཀའ་གནད་ཆེས་ཆེ་བའི་མཚན་སྙན་ཞིག་ཡིན་ལ། དེ་ནི་གྲོང་ཁྱེར་ཞིག་གི་སྤྱིའི་དཔལ་ཡོན་ཆུ་ཚད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་གཟི་བརྗིད་ལྡན་པའི་མཚན་སྙན་ཞིག་ཀྱང་ཡིན་པ་མ་ཟད། མིག་སྔར་ཀྲུང་གོ་ནང་ཁུལ་གྱི་གྲོང་ཁྱེར་གྱི་ཕྱོགས་བསྡུས་རིགས་ཀྱི་བསྡུར་ཚད་ཁྲོད་གཟི་བརྗིད་ཆེས་མཐོ་བ་དང་། རིན་ཐང་ཆེས་ཆེར་ལྡན་པའི་གྲོང་ཁྱེར་སྤུས་རྟགས་ཤིག་ཡིན། 

ཐེངས་འདིར་མཚོ་སྔོན་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་མིང་འདོན་ཁྲོད་ཚུད་པའི་གྲོང་ཁྱེར་དང་རྫོང་སོ་སོ་ནི་ན་གོར་མོ་གྲོང་ཁྱེར་དང་ཏ་ཐོང་ཧའེ་རིགས་ཧོར་རིིགས་རང་སྐྱོང་རྫོང་། གུང་ཧོ་རྫོང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། གཅན་ཚ་རྫོང་། མདོ་ལ་རྫོང་བཅས་ཡིན། འདིའི་སྔོན་ལ་ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་གྲོང་ཁྱེར་གཉིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་ཁོངས་སུ་ཚུད་ཡོད། 

མཚོ་སྔོན་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་ནང་ཚུད་པའི་གྲོང་ཁྱེར་གྱིས་བདེ་བླག་ངང་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱ་ཆེད། འབྲེལ་ཡོད་སྡེ་ཁག་གིས་སྔོན་ལ་བཀོད་སྒྲིག་གྲོས་ཚོགས་བསྡུས་ནས། གྲོང་ཁྱེར་གསར་སྐྲུན་བྱ་བ་བཀོད་སྒྲིག་དང་། ས་གནས་སོ་སོས་རིམ་བཞིན་འབྲེལ་ཡོད་བརྟག་བཤེར་དཔྱད་འཇོག་གི་དམིགས་ཚད་ལ་གཞིགས་ཏེ། དམིགས་གཏད་རང་བཞིན་གྱིས་དཀའ་གནད་སེལ་བ་དང་ཞན་ཆ་གསབ་ནས། རྒྱུན་མཐུད་ངང་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།