མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་སྨན་རྫས་དཀར་ཆག་གི་པར་གཞི་གསར་བ་པར་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས1ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱུང་བར། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྒྱལ་ཁབ་ཀྱི་ཡིག་ཆའི་དགོངས་དོན་ལྟར། སྨན་རྫས་དཀར་ཆག་ལ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་ཉེན་སྲུང་དང་ལས་དོན་རྨས་སྐྱོན་ཉེན་སྲུང་། བུ་བཙའི་ཉེན་སྲུང་གི་སྨན་རྫས་དཀར་ཆག(2021ལ)》གཏན་འབེབས་དང་པར་སྐྲུན་བྱས(གཤམ་དུ《2021ལོའི་སྨན་རྫས་དཀར་ཆག》ཞེས་བསྡུས་འབྲི་བྱེད་རྒྱུ)། དེ་དང་ཆབས་ཅིག་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ། ས་གནས་ཀྱི་སྨན་རྫས་གསར་སྣོན་ལེགས་བསྒྱུར་བྱ་བ་ཧུར་ཐག་གིས་སྤེལ་བས། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ནུབ་ལུགས་སྨན་རྫས་དང་ཀྲུང་ལུགས་སྨན་རྫས་ཀྱི58.6%ལེགས་བསྒྱུར་བྱས།

《2021ལོའི་སྨན་རྫས་དཀར་ཆག》ནང་སྤྱི་བསྡོམས་པས་ནུབ་ལུགས་སྨན་དང་ཀྲུང་ལུགས་སྨན་རྫས་རིགས2947འདུས་ཡོད། དེའི་ནང་ནུབ་ལུགས་ཀྱི་སྨན་རྫས་རིགས1264དང་། ཀྲུང་ལུགས་སྨན་རྫས་ཀྱི་རིགས1315ཡོད་ལ།  གྲོས་མཐུན་དུས་བཀག་ནང་བརྡར་གཅོད་སྨན་རྫས་རིགས221(ནུས་ལུགས་སྨན་སྣ162དང་། ཀྲུང་ལུགས་སྨན་སྣ59)ཡོད། མཚོ་སྔོན་མི་རིགས་སྨན་རྫས་རིགས53གསར་སྣོན་བྱས་ཤིང་། མཚོ་སྔོན་ནུབ་ལུགས་སྨན་རྫས་རིགས57དང་ཀྲུང་ལུགས་སྨན་རྫས་རིགས37གསར་དུ་བསྣན། གཞན་ཡང་འགན་སྲུང་གསོག་དངུལ་རྩིས་སྤྲོད་བྱས་ཆོག་པའི་ཀྲུང་ལུགས་སྨན་རྫས་རིགས892ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།《2021ལོའི་སྨན་རྫས་དཀར་ཆག》ནང་ཕྱོགས་གཅིག་ནས་དམིགས་བསལ་གྱི་སྨན་རྫས་བེད་སྤྱོད་སྲིད་ཇུས་བསྐྱར་ཞིབ་བྱས་པ་དང་ཕྱོགས་གཞན་ཞིག་ནས་དམིགས་བསལ་སྨན་རྫས་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུ་སྲིད་ཇུས་ལ་བསྐྱར་ཞིབ་བྱས་ཤིང་།  ཞིང་ཆེན་ཡོངས་ཀྱི་ལས་བཟོ་པ་དང་གྲོང་ཁྱེར་དང་ཤང་གི་སྡོད་དམངས་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་འགན་སྲུང་ནུས་པ་མཐོ་རུ་བཏང་ནས། ནད་གཞི་ལྕི་མོ་ཕོག་པའི་ནད་པའི་སྨན་བཅོས་ཀྱི་ཁུར་པོ་ནུས་ལྡན་ངང་ཇེ་ཡང་དུ་བཏང་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས《2021ལོའི་སྨན་རྫས་དཀར་ཆག》དམ་འཛིན་གྱིས་བྱ་བ་དོན་འཁྱོལ་དང་། ་སྲིད་ཇུས་ལག་བསྟར་གནས་ཚུལ་ལ་འགུལ་རྣམ་རྗེས་འདེད་བྱས་ཏེ། སྨན་རྫས་དཀར་ཆག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་ཁག་ཐེག་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།