ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ39ལ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་ཆེན་པོ་ཞིག་ཡིན་པ་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྩ་བའི་བླང་བྱའང་ཡིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་གྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་སྲིད་གཞུང་གི་སྣེ་ཁྲིད་དང་། སྡེ་དམངས་གཙོ་ཁྲིད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རོང་འབྲོག་ཁུལ་གྱི་ཉེན་ཁང་བཟོ་བཅོས་དང་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བཟོ་སྐྲུན་ལག་བསྟར་བྱས་ནས། རོང་འབྲོག་ཁུལ་གྱི་སྡོད་ཁང་དེ་ཡོད་མེད་ནས་བཟང་མིན་གྱི་ཕྱོགས་སུ་མཐོར་འདེགས་ཕྱིན་ཏེ། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ39ལ་སླེབས་ཤིང་། རོང་འབྲོག་དམངས་ཀྱི་སྡོད་ཁང་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་བྱུང་ཡོད། 

ལོ་ངོ་ལྔའི་རིང་། ཞིང་ཆེན་ཡོངས་སུ་མཐོ་སྒང་གི་མཛེས་པའི་ཞིང་སྡེ1500འཛུགས་སྐྲུན་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་སྤྱོད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར20བཏང་བ་དང་། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱུང་ནས། ལས་རིགས་སོ་སོའི་སྡེ་ཁག་གི་ཞིང་ལས་དང་ཕྱུགས་ལས་དང་འབྲེལ་བའི་ལས་གཞིར་ལེགས་སྒྲིག་བྱས་པ་དང་། མུ་མཐུད་དུ་འཛུགས་སྐྲུན་མ་དངུལ་ཧྲག་བསྡུ་བྱེད་ཐབས་རྒྱ་བསྐྱེད་དང་། སྡེ་བའི་རྨང་གཞི་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་ཀྱི་མི་འདང་ས་ཁ་གསབ་དང་འཐུས་ཚང་དུ་བཏང་ནས། རོང་འབྲོག་དམངས་ཀྱིས་ཆུ་གཙང་མ་ཞིག་འཐུང་བ་དང་། བདེ་འཇགས་ངང་གློག་བཀོལ་བ། བདེ་སྙོམས་ཀྱི་ལམ་བུའི་སྟེང་བསྐྱོད་པར་ཁག་ཐེག་བྱས་ཏེ། རོང་འབྲོག་དམངས་ཀྱི་སྐྱིད་སྣང་དང་ཐོབ་སྣང་མཐོ་རུ་བཏང་། 

དུས་མཚུངས་སུ། མགྱོགས་མྱུར་ངང་ཞིང་སྡེའི་འཚོ་བའི་གད་སྙིགས་ལེགས་བཅོས་ཇེ་མགྱོགས་སུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་འཚོ་བའི་གད་སྙིགས་ཐག་གཅོད་ཐོབ་པའི་སྲིད་འཛིན་སྡེ་བའི་བསྡུར་ཚད91.7%ཟིན་པ་དང་། རིགས་དང་པོའི་རྫོང(གྲོང་ཁྱེར་དང་ཁུལ)6གི་སྡེ་བ107གྱིས་གཙོ་བོ་མཁར་ཤང་སྤྱི་འདོམས་ཀྱི་རྣམ་པར་བརྟེན་ནས་ཞིང་སྡེའི་འཚོ་བའི་གད་སྙིགས་ཐག་གཅོད་མ་ལག་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།