“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་གཞི་ཚང་བའི་གྲོང་ཚོ647ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྐྱོར་གྱི་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ལོན་པར་འགྲུམ་འགྲུལ་གྱི་སྟོབས་ཤུགས་ཕུལ་ཞིང་། བསྡོམས་རྩིས་བྱས་ན་གྲོང་ཚོའི་གཞུང་ལམ་ཐད་མ་དངུལ་དུང་ཕྱུར136བཏང་ནས་ གྲོང་ཚོའི་གཞུང་ལམ་སྤྱི་ལེ་ཁྲི3.04རྒྱས་སྐྲུན་བྱས་ཤིང་། སྒྲིག་གཞི་ཚང་བའི་གྲོང་ཚོ570ལ་ཨར་འདམ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ647ལ་གསར་དུ་རླངས་འཁོར་ཤར་གཏོང་ཐུབ་པ་བཅས་མངོན་འགྱུར་བྱུང་།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་རིམ་པ་གསུམ་པ་དང་དེའི་ཡན་གྱི་འགྲུལ་སྐྱེལ་ས་ཚིགས58བཙུགས་ཏེ། ཞིང་ཆེན་ཡོངས་སུ་བསྡོམས་པས་སྒྲིག་གཞི་ཚང་བའི་གྲོང་ཚོ647ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོའི་འགྲུལ་སྐྱེལ་རླངས་འཁོར་གཏོང་ཚད99.37%ཟིན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་ལ་སླེབས་ཡོད། ལོ་གཅིག་གི་སྔུན་དུ“ཤར་གཏོང”གཉིས་ཀྱི་དབུལ་ཐར་མས་སྐྱོང་རང་བཞིན་གྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱུང་ནས། གནས་སྤོར་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་ས་ཚིགས192ལ་སྤྱི་ལེ829ཡི་གཞུང་ལམ་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱས་ཤིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་སྦྲེལ་མཐུད་བྱས་བའི་དབུལ་ཕོངས་གྲོང་ཚོ22ཚང་མའི་དབུལ་ཞྭ་ཕུད་ཡོད།

གཞན་ཡང་རིམ་པ་གསུམ་ཡན་གྱི་འགྲུལ་སྐྱེལ་ས་ཚིགས35རྒྱས་སྐྲུན་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་གཞུང་ལམ་ལྕགས་ལམ་སྦྲེལ་མཐུད་ཀྱི་འགྲུལ་སྐྱེལ་ལྟེ་བ་རྩ་བཅས་སྐྲུན་ནས། རྫོང་ཡོངས་སུ་རིམ་པ་གཉིས་པ་དང་དེའི་ཡན་དང་། ཡང་ན་དགོས་མཁོ་དང་འཚམ་པའི་རིམ་པ་གསུམ་པའི་འགྲུལ་སྐྱེལ་ས་ཚིགས་བཙུགས་པ་དེས་འགྲུལ་པའི་ཕྱི་སྐྱོད་སྤུས་ཚད་ལས་ཆོད་མུ་མཐུད་དུ་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།