ཐུན་ཏེ་རྫོང་གིས་སྐད་འཕྲིན་སྟེགས་བུར་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་ཤེས་གསལ་བྱུང་བ་ལྟར་ན། རྫོང་འདིས་མངའ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དམིགས་ཡུལ་དུ་བཟུང་ནས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་གསར་གཏོད་བྱས་པ་དང་།  སྐད་འཕྲིན་སྟེགས་བུར་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་བྱེད་པར་རམ་འདེགས་བྱས་པ་བརྒྱུད། བྱ་བའི་ལམ་ལུགས་རིམ་གྱིས་འཐུས་ཚང་དང་དོ་དམ་རིམ་གྱིས་ཇེ་ལེགས་སུ་སོང་སྟེ། མཁར་གྲོང་གི་འཚོ་སྡོད་ཁོར་ཡུག་རྒྱུད་ཆད་མེད་པར་ཇེ་ལེགས་སུ་བཏང་བ་རེད། 

ཐུན་ཏེ་རྫོང་གིས་སྐད་འཕྲིནAPPལ་བརྟེན་ནས་ཐུན་ཏེ་རྫོང་གི་ཁོངས་ཡོངས་ཀྱི་གད་སྙིགས་གཙང་དག་དང་སྤྱོད་ངན་ཐེར་འདེན་བྱེད་པའི་བྱ་བའི་སྐད་འཕྲིན་ཚོགས་ཆུང་བཙུགས་པ་དང་། རྫོང་དང་ཤང་། སྡེ་བ། རུ་ཁག་བཅས་རིམ་པ་བཞིའི་འགན་ཁུར་མི་སྣ125རྩ་འཛུགས་བྱས་ཏེ། ཨར་ལས་བྱེད་ས་དང་བགྲོད་ལམ་བཅས་ཀྱི་གད་སྙིགས། ས་ཐོག་གི་གད་སྙིགས། སྣུམ་དུ་སྦག་བཙོག་སོགས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། ཚོགས་ཆུང་ནང་གི་ཚོགས་མི་ཚང་མས་ཁ་པར་གྱི་པར་བླངས་ནས་བྱ་བའི་སྐད་འཕྲིན་ཚོགས་ཆུང་དུ“གྲུབ་འབྲས་འགྲེམ་སྟོན”དང“གནད་དོན་ཐེར་འདེན”བྱས་ཆོག་ལ། འདིས་ཚོགས་མིའི་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཐུབ་པ་མ་ཟད། འཚོ་སྡོད་ཁོར་ཡུག་གི་གཙང་སྦྲ་ལེགས་བཅོས་བྱ་བར་ཕན་ཁེ་མི་ཉུང་བ་ཐོན་ཐུབ།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།