ཏུའུ་ཏི་ཀྲི་ཡིས་རྨ་སྟོད་རྫོང་དུ་སྡེ་བ(སྡེ་ཁུལ)དང“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་བརྟག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་འབྲེལ་གཏུག་ས་ཚིགས་རྨ་སྟོད་རྫོང་དུ་ཕྱིན་ནས་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་བརྟག་ཞིབ་གནང་། དེའི་སྐབས་ཏང་ཡོན་ལས་བྱེད་པ་དང་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་ནས་རྨ་སྟོད་རྫོང་གི་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་སྤྱིའི་གནས་ཚུལ་ལ་ཞིབ་ཕྲའི་བརྟག་ཞིབ་གནང་བ་རེད།

ཏུའུ་ཏི་ཀྲི་ཡིས་རྨ་སྟོད་རྫོང་གི་སྔོན་བརྒལ་གྱི་འཆར་འགོད་གྲ་སྒྲིག་དང་། འགྱུར་མེད་སྲ་བརྟན་གྱི་རྩ་འཛུགས་འགོ་ཁྲིད། སྲ་བརྟན་གྱི་བྱ་བའི་གྲུབ་འབྲས་དང་འདེམས་བསྐོའི་མཇུག་འབྲས་ལ་གདེངས་འཇོག་གང་ལེགས་གནང་ཞིང་། ཁོང་གིས་རྨ་སྟོད་རྫོང་གི་སྡེ་བ(སྡེ་ཁུལ)དང“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་བཀོད་སྒྲིག་ནུས་ལྡན་དང་། དངོས་དོན་ལ་གཟབ་ནན། ཆབ་སྲིད་ཀྱི་ཕྱོགས་སྟོན་སྣེ་ཁྲིད་ལ་མཐོང་ཆེན། ཕྱོགས་སོ་སོའི་ཆ་རྐྱེན་སྤྱི་འདོམས་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་ལེགས་ངང་ལེགས་གྲུབ་བྱུང་བ་མ་ཟད། བྱ་བའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་བསྐྲུན་ཡོད་པར་བསྟན།

ཏུའུ་ཏི་ཀྲི་ཡིས་རྨ་སྟོད་རྫོང་གིས་སྐབས་བརྗེའི་འདེམས་བསྐོ་བྱས་པ་བརྒྱུད་སྐབས་གསར་པའི“བཟང་གསུམ་སྟོབས་གསུམ་ཕུལ་བྱུང་གསུམ”གྱི་སྡེ་བའི(སྡེ་ཁུལ)ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་བདམས་ནས་གཅིག་སྡུད་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། ལོ་ནའི་གྲུབ་ཆ་སྔར་བས་ལེགས་སྒྱུར་བྱེད་པ། ནུས་པའི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་གནས་བབ་མུ་མཐུད་དུ་སྲ་བརྟན་དུ་བཏང་། སྐབས་གསར་པའི་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་དེ་གོམ་སྟབས་རྗེས་མའི་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྐབས་བརྗེའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་རྗེས་མཐུད་ལས་དོན་ནན་གྱིས་སྒྲུབ་དགོས། རྫོང་དང་ཤང(གྲོང་རྡལ)ཏང་ཨུས་ཚན་ཁག་གསར་རྙིང་གི་ལས་དོན་རྩིས་སྤྲོད་བྱེད་པའི་བྱ་བ་རྩ་འཛུགས་བཟང་པོ་བྱེད་པ་དང་། སྡེ་བས(སྡེ་ཁུལ)ལྟ་སྐུལ་ཨུ་ལྷན་དང་གྲོང་ཚོ་རིམ་པའི་གུང་གཞོན་སྡེ་ཚོགས་དང་། བུད་མེད། དམངས་དམག་སོགས་མང་ཚོགས་རྩ་འཛུགས་ཀྱི་སྐབས་བརྗེའི་ལས་དོན་རྩ་འཛུགས་བཟང་པོ་བྱེད་པར་མཛུབ་སྟོན་བྱས་ནས། སྐབས་གསར་པའི་སྡེ་བའི(སྡེ་ཁུལ)ཏང་ཨུའི་“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་གཅིག་སྡུད་ངང་གསོ་སྦྱོང་བྱེད་པར་རྩ་འཛུགས་དང་། སྡེ་བའི་ལས་བྱེད་པའི་དོ་དམ་གྱི་བླང་བྱ་གསར་པ་དང་ཟུང་འབྲེལ་སྒོས། སྐབས་གསར་པའི“ཨུ་ལྷན་གཉིས”ཚན་ཁག་གི་བྱ་བའི་བསམ་ཕྱོགས་གསལ་པོ་བཟོ་བ་དང་འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱེད་པར་ལས་དོན་ཁག་གི་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།