མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། ཆེད་དོན་གྲོས་མོལ་སྡེ་ཁག་གི་བྱེད་ནུས་འདོན་སྤེལ་བྱེད་པ་དང་དམ་དུ་འབྲེལ་ནས། གྲོས་མོལ་གྱི་གྲུབ་འབྲས་སྔར་བས་དོན་འཁྱོལ་ལེགས་པོ་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཀྱི་བརྗོད་དོན་ལ་ཞབས་འདེགས་བསྒྲུབས་ནས། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་སྡེ་ཁག་དང་སྲིད་གྲོས་རྩ་འཛུགས་ཀྱི་འདུས་ཤུགས་དང་། ཐུན་མོང་གིས་གྲོས་མོལ་གྱི་གྲུབ་འབྲས་དེ་སྲིད་ཇུས་བྱ་སྤྱོད་ཀྱི་བྱེད་ཐབས་དང་ཕན་འབྲས་སུ་བསྒྱུར་བར་སྐུལ་འདེད་བཏང་བ་མཚམས་སྦྱོར་བྱས། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་བྱ་བ་བརྗོད་དོན་དུ་བྱེད་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐོག་མ་ཡིན་ལ། གོ་རིམ་ལྡན་པའི་ངང་ནས་གྲོས་མོལ་གྱི་གྲུབ་འབྲས་དེ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་པའི་སྒྲིག་སྲོལ་གལ་ཆེན་བཀོད་སྒྲིག་དང་ལག་ལེན་ཐེངས་ཤིག་ཡིན་པ་རེད། 

གསར་འགྱུར་ཁྱབ་སྒྲོག་ཚོགས་འདུར་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པའམ་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་ཝང་ཀྲི་མིན་གྱིས་མགོ་འཛིན་བྱས།

ཁྱབ་སྒྲོག་ཚོགས་འདུའི་སྟེང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཝུན་ཕིན་དང་། ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་དང་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏུའུ་ཅིན་ཀྲུང་། སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚུའེ་ཝའེ་བཅས་ཀྱིས་སོ་སོར་ཞིང་ཆེན་སྲིད་གྲོས་ཀྱིས་རྗེས་སྙེག་སྒྲིག་སྲོལ་འཚོལ་ཞིབ་སྒྲིག་འཛུགས་དང་། གྲོས་མོལ་གྲུབ་འབྲས་དོན་འཁྱོལ་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ཚོད་ལྟའི་བྱ་བའི་བསམས་གཞིག་དང་སྤྱིའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། རང་ཞིང་གི་གཞི་རིམ་དགེ་རྒན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣོན་པ། སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་དང་། རང་ཞིང་གི་འཇོན་མིའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། འཇོན་མིའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་གྲོས་མོལ་གྲུབ་འབྲས་དོན་འཁྱོལ་བྱེད་པའི་རྗེས་སྙེག་རྟོག་ཞིབ་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་འཇོན་མིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝུའུ་གོ་ཆང་དང་། ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲུང་ཙའེ་ཧའེ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ཧྲི་ཧུང་ཀྲན། དེ་མིན་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་སུའུ་ཧའེ་ཧོང་བཅས་ཀྱིས་སོ་སོར་གྲོས་མོལ་གྲུབ་འབྲས་དོན་འཁྱོལ་དུ་བསྒྱུར་བའི་གནས་ཚུལ་སྐོར་ནས་མཚམས་སྦྱོར་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།