​ཐེངས་བཞི་པའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས1ཉིན། ཐེངས་བཞི་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་འཚོགས་འགོ་ཚུགས་ཤིང་། གྲོང་ཁྱེར(ཁུལ)སོ་སོའི་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཀྱི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་ཁག་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ་ཀྱི་མགོ་ཁྲིད། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཁག་གཅིག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བསྡོམད་པས་མི224ཡིས་དུས་ཡུན་ཉིན་གསུམ་རིང་གི་གསོ་སྦྱོང་བྱེད་འགོ་ཚུགས་པ་རེད། 

ཐེངས་འདིའི་ཆེད་དོན་བགྲོ་གླེང་འཛིན་གྲྭས་ཐེངས་དང་པོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཞིང་ཆེན་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོའི་ཟུར་ཁྲིད་གསུང་བཤད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་ཟུར་ཁྲིད་འཆད་ཁྲིད་ཀྱི་བརྙན་ཕབ་ལ་ལྟ་བ་དང་། སློབ་ཁྲིད་པར་གཞི་དང་སློབ་མ་རྩ་འཛུགས་བྱས་ནས་མ་རྩོམ་ཞིབ་ཀློག་བྱེད་པ། ཚོ་ཆུང་བགོས་ནས་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། 《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོ》དང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གི་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་དངོས་འབྲེལ་གཅིག་གྱུར་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་ཡོད་རྒུ་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱེད་པའི་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཐོག་གཅིག་སྡུད་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་དང“ཡིད་ཆེས་བཞི”སྲ་བརྟན་དུ་བཏང་ནས“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱ་རྒྱུར་འགན་ལེན་བྱེད་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།