ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་འཐུས་མིའི་ཚན་ཆུང་གིས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ཀྱི་ཡུལ་དངོས་སུ་འཐུས་མི་ཚོས་ཆབ་སྲིད་ཀྱི་བརྩེ་བ་དང་འགན་འཁྲི་འདུ་ཤེས་དྲག་པོས་རང་རང་གི་ལྟ་ཚུལ་ལྷུག་པོར་བརྗོད།
གྲོས་ཞིབ་ཁྲོད། ཚང་མས་གཅིག་མཐུན་གྱིས། སྲིད་གཞུང་བྱ་བའི་སྙན་ཞུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་འབྲེལ་ཞིང་།འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་བཙུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ལ་འབྲེལ་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཇུས་འགོད་བྱས་ཤིང་། ན་ནིང་དང་འདས་པའི་ལོ་ངོ་ལྔའི་རིང་གི་བྱ་བར་སྤྱི་བསྡོམས་བྱས་པ་ནི་དངོས་ཐོག་བདེན་འཚོལ་དང་། དངོས་ཡོད་ཆ་ཚང་ཡིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་སྐབས་དང་2021ལོའི་དམིགས་འབེན་ལས་འགན་གཙོ་བོ་བཀོད་སྒྲིག་ལག་ལེན་ཏུ་བསྟར་རུང་བ་དང་གཙོ་གནད་འབུར་ཐོན་ཡིན་ཞིང་། བློ་གྲོས་གཅིག་ཏུ་འདུས་ཤིང་དོན་འཁྱོལ་ནན་འཛིན། མི་སེམས་ཡར་སྐུལ་གྱི་སྙན་ཞུ་བཟང་བོ་ཞིག་རེད། འདས་པའི་ལོ་ངོ་གཅིག་གི་རིང་། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་དཀའ་ངལ་གྱི་འགྲན་རྩོད་ལ་གདོང་གཏད་དེ། ཞིང་ཆེན་ཡོངས་ཀྱིས་དཀའ་བ་ཁྱད་གསོད་དང་། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། གཏན་འཇགས་དྲུག་གི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཁྱོན་ཡོངས་ནས་འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱས་ནས། དམིགས་བསལ་གཅིག་དང་མཐོ་བ་གཉིས་ལ་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་བྱ་བ་སོ་སོ་ལེགས་པོར་སྒྲུབ་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་ཡོད་པར་འདོད།
འབད་བརྩོན་གྱིས་རླབས་ཆེན་ལས་དོན་འགྲུབ་ཅིང་། འགན་འཁྲིས་མདུན་ལྗོངས་གསར་བ་བྲིས། འཐུས་མི་ཚོས་སྙན་ཞུའི་ཁྲོད་བཏོན་པའི་དམིགས་འབེན་དང་ལས་འགན་ལ་གཞིགས་ནས་བསམ་འཆར་བཏོན། ཚང་མས་གཅིག་མཐུན་གྱི་འདོད་པ་ལྟར་ན། 2021ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་ལག་བསྟར་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་མགོ་རྩོམ་པའི་ལོ་དང་པོ་ཡིན་པ་མ་ཟད། ཏང་བཙུགས་ནས་ལོ་འཁོར100འཁོར་བའི་ལོ་ཡིན་པ་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྟོབས་ཤུགས་ཡོད་རྒུས་མཁྲེགས་གཏོར་བྱས་ན། བྱ་བ་སོ་སོར་ཕན་འབྲས་ལེན་ཐུབ། གཏན་འཇགས་ཁྲོད་ཡར་སྐུལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བརྗོད་དོན་དུ་དུ་འཛིན་པ་དང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་གཙོ་ཐིག་ཏུ་འཛིན་པ། བཅོས་བསྒྱུར་གསར་གཏོད་ནི་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་དེ་རྩ་བའི་དམིགས་འབེན་དུ་འཛིན་པ་བཅས་བྱས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྔར་བས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། ཚན་རིག་དང་གནད་འཕིགས་ཀྱིས་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་བྱས་ནས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་རྒྱ་བསྐྱེད་དེ། ལོ་ལྔའི་འཆར་གཞི་བཅུ་བཞི་པ་མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱས་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར100འཁོར་བར་ལེགས་སྐྱེས་དབུལ་དགོས་པར་འདོད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་ཚན་ཆུང་གིས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།