མཚོ་སྔོན་གྱི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ལོ་ལྔའི་འཆར་གཞི་བདུན་པའི་གྲུབ་འབྲས་འགྲེམ་སྟོན།

ཉེ་ཆར། རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི“ལོ་ལྔའི་འཆར་གཞི་བདུན་པའི”འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་ལ་དྲ་ཐོག་ནས་བརྟག་དཔྱད་དང་འདྲི་ཤོག་བརྒྱུད་དེ་བརྟག་དཔྱད་བྱེད་པའི་བྱ་འགུལ་མཇུག་སྒྲིལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད97.5%ལ་སླེབས་ཏེ། ནུབ་བྱང་ས་ཁུལ་གྱི་ཨང་དང་པོ་དང་རྒྱལ་ཡོངས་ཀྱི་ཨང12པར་གྱུར་ཡོད། ཁྲིམས་འཛིན་པུའུ་ཡིས “བསྡོམས་རྩིས་བྱས་པའི་མཇུག་འབྲས་ལ་གཞིགས་ན། ཁྱེད་ཞིང་ཆེན་གྱི་སྤྱིའི་ཟབ་ཞུགས་མི་གྲངས་དང་། ཁྲིམས་ལུགས་དྲིལ་བསྒྲགས་བྱ་བའི་བློ་ཡིད་ཚིམ་ཚད། ཁེབས་ཚད་བཅས་ཀྱི་ཐད་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ཡོད་པ་དང་། ‘ལོ་ལྔའི་འཆར་གཞི་བདུན་པའི’ཁྲིམས་ལུགས་དྲིལ་བསྒྲགས་ལ་ཕན་འབྲས་བཟང་པོ་ཐོབ་པ་མངོན་པར་མཚོན་ཡོད”ཅེས་བསྔགས་བརྗོད་བྱས་ཡོད།

 “ལོ་ལྔའི་འཆར་གཞི་བདུན་པའི”ཁྲིམས་ལུགས་དྲིལ་བསྒྲགས་ལས་དོན་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་ཁྲིམས་སྲུང་ཁྲིམས་སྤེལ་མཐུན་སྦྱོར་ཚོ་ཆུང་གིས་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། སྤྱི་འདོམས་སྐུལ་འདེད། ས་གནས་དང་སྡེ་ཚན་སོ་སོས་དཔུང་བ་མཉམ་གཤིབ་དང་གདུང་རྩེ་གཅིག་གཏོད། བྱེད་ཐབས་སྣ་མང་མཉམ་སྤྱོད་བཅས་བྱས་ཏེ“ལོ་ལྔའི་འཆར་གཞི་བདུན་པའི”ཁྲིམས་ལུགས་དྲིལ་བསྒྲགས་འཆར་འགོད་དང་ལོ་འཁོར་གྱི་བྱ་བའི་གཙོ་གནད་དོན་འཁྱོལ་ནུས་ལྡན་བྱས་ནས། སྤྱི་ཚོགས་ཡོངས་སུ་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་རྣམ་པ་ཆེན་པོ་ཉིན་བཞིན་འཐུས་ཚང་དུ་བཏང་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྨང་གཞིའི་ནུས་པ་སྔར་བས་འདོན་སྤེལ་བྱས།

མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་གནས་ཚུལ་དང་དམངས་སེམས་བརྟག་དཔྱད་ལྟེ་གནས་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་དྲིལ་བསྒྲགས་ཕན་འབྲས་ལ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ“ལོ་ལྔའི་འཆར་གཞི་དྲུག་པའི”ཁྲིམས་ལུགས་དྲིལ་བསྒྲགས་དུས་མཇུག་གི་སྐར་མ85.30ནས“ལོ་ལྔའི་འཆར་གཞི་བདུན་པའི”ཁྲིམས་ལུགས་དྲིལ་བསྒྲགས་དུས་མཇུག་གི་སྐར་མ90.75བར་མཐོ་རུ་ཕྱིན་ཡོད།   

རང་འགུལ་ངང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ལས་འགན་གཙོ་བོ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ།

1.《དམངས་དོན་ཁྲིམས་གཞུང》གི་སློབ་སྦྱོང་དང་དྲིལ་བསྒྲགས། སློབ་གསོ་བཅས་ཀྱི་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་།

དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས། སློབ་གསོ་བཅས་ཀྱི་བྱ་བའི་ཇུས་གཞི་དཔར་འགྲེམ་བྱས་པ་དང་། དམངས་དོན་ཁྲིམས་གཞུང་གི་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ2020ལོའི་ཟླ8པ་ནས་བཟུང་། གྲོང་ཁྱེར་དང་ཁུལ། སྡེ་ཚན་ཁག་ཏུ་སྒྲོག་འགྲེལ་ཐེངས60ལྷག་བྱས།      

འབྲེལ་ཡོད་སློབ་སྦྱོང་བྱེད་པའི་དཔེ་དེབ་ཁྲི20བསྡུ་སྒྲིག་དཔར་འགྲེམ་བྱས་པ་དང་། “ང་དང་དམངས་དོན་ཁྲིམས་གཞུང”ཞེས་པའི་བརྩམས་ཆོས་ཐོར་བུ་འཚོལ་བསྡུ་དང་།    དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་བྱེད་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་དམིགས་ལམ་ཐིག་ཤར་གཏོང་དང་། ཆེད་མཁས་པ་དང་མཁས་དབང་གདན་འདྲེན་ཞུས་ནས་འཆད་ཁྲིད་བྱེད་པ། བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དྲིས་ལན་དང་། ཁ་པར་སྟེང“དམངས་དོན་ཁྲིམས་གཞུང་ཀློག་པ”ཞེས་པའི་སྨྱན་སྦྱོར་གསར་པའི་ཁྲིམས་ལུགས་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པར་སྐུལ་འདེད་བཏང་བས། སློབ་གསོའི་བྱ་བར་ཆད་ལུས་མེད་པ་དང་ཕྱོགས་ཡོངས་ལ་ཁྱབ་པ། ངེས་དོན་ཕན་འབྲས་ཐོབ་ཡོད།     

2.རིམས་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱབ་པ།   

པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་སྐབས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་བ་སོགས་ཀྱི་ཡིག་ཆ5བཀྲམས་ནས། རིམས་ནད་འགོག་བཅོས་བཅའ་ཁྲིམས་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་སོགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ7ལ་གཙོ་གནད་ཐོག་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱབ་ཡོད།   

ནག་སེལ་ངན་འཇོམས་དང་དབུལ་ཐར་འགག་སྒྲོལ་སོགས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་ངང་སྤེལ་བ།   

ཞིང་ཆེན་ཡོངས་སུ་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་ཁྲིམས་སྐྱོང་འཆད་ཁྲིད་ཐེངས1817བྱས་པ་དང་། དབུལ་ཐར་འགག་སྒྲོལ་ཆེད་དོན་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་ཐེངས11731སྤེལ། ཤེས་བྱ་ལན་འདེབས་པའི་བྱེད་སྒོ་ཐེངས60སྤེལ་བ་དང་། དེའི་ནང་ཞུགས་མཁན་མི་ཐེངས་ཁྲི900ལྷག་ཙམ་ཟིན།     ཆ་འཕྲིན་སྣ་ཚོགས་ཁྲི22ལྷག་ཙམ་སྤེལ་བ་དང་དཔེ་ཀློག་བྱེད་ཚད་མི་ཐེངས་ཁྲི15540ལ་སླེབས་ཡོད།     

3.སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱབ་པ།

ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་དང་མཉམ་དུ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པ་མཚོ་སྔོན་ནས་སྤེལ་བ”ཞེས་པའི་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་སྤེལ་ཞིང་། ལོ5ཡི་རིང་མི་ཐེངས་ཁྲི30ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་དང་། ཁྱབ་རྒྱ་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ། མི་དམངས་ཚོགས་པ་སོགས་ནས་སྤྱི་ཚོགས་ཡོངས་སུ་བསྐྱེད་ཡོད།     

ལོ5ཡི་རིང་། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་སྒོ་ཐེངས11600སྒྲིག་འཛུགས་བྱས་པ་དང་། སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི450ལྷག་ཙམ་ཟིན།   

གཙོ་གནད་ཁ་ཕྱོགས་འབུར་དུ་བཏོད་ནས་ཁྲིམས་ལུགས་དྲིལ་བསྒྲགས་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་འཁུར་བ་དང་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་པ།    

ལོ་ལྔའི་རིང་།    ཞིང་ཆེན་ཐད་གཏོགས་ཚན་ཁག་གི་ཏང་ཨུའི(ཏང་ཙུའུ)ལྟེ་བའི་ཚོགས་ཆུང་གིས་ཁྲིམས་སྦྱོང་ཐེངས10067བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྡེ་ཚན43གྱིས་ཁྲིམས་སྦྱོང་སྙན་ཞུ་དེ་མགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་ལས་འགན་སྙན་ཞུ་དང་སྤྱོད་གཙང་སྙན་ཞུའི་ནང་བཅུག་སྟེ་མཉམ་དུ་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ2653ཀྱིས་ཁྲིམས་སྦྱོང་སྙན་ཞུ་ཕུལ་བ་རེད། ཞིང་ཆེན་རིམ་པའི་སྡེ་ཚན་ཚང་མར་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་བ་དང་ཁེ་ལས་ཀྱི་བཅའ་ཁྲིམས་བློ་འདྲི་བའི་གདན་ཞུ་ལས་བསྐོའི་ལས་དོན་བསྒྲུབས་ཟིན་པ་དང་། བཅའ་ཁྲིམས་བློ་འདྲི་བ1069གདན་འདྲེན་ཞུས་ལ།     གཞུང་ཁོངས་ཁྲིམས་རྩོད་པ1069ཡོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཚན་པས་ཁྲིམས་སྐྱོང་འཆད་ཁྲིད་དང་སྙན་ཞུའི་ཚོགས་འདུ་སོགས་ཆེད་དོན་སློབ་སྦྱོང་སྦྱོང་བརྡར་ཐེངས2974བྱས་པ་དང་མི33394ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)བཅའ་ཁྲིམས་ཤེས་བྱའི་སྦྱོང་བརྡར་ནང་ཞུགས་ཡོད།    

མི་གྲངས་ཉུང་བའི་མགོ་ཁྲིད་ལས་བྱེད་པ་དམིགས་དུ་འཛིན་པ།

ཁྲིམས་འཛིན་པུའི་ཁྲིམས་སྐྱོང་འཆད་ཁྲིད་ཚོགས་པས་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་ཚོགས་ཆུང་ལ་ཁྲིམས་སྐྱོང་འཆད་ཁྲིད་ཐེངས6བྱས་པར་རོགས་འདེགས་དང་། རྒྱལ་ཡོངས་ཀྱི་ཁྲིམས་ལུགས་རིག་པའི་ཆེད་མཁས་པ་གྲགས་ཅན་གདན་དྲངས་ནས་ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་འཆད་ཁྲིད་ཐེངས4བྱས་ཤིང་། རིམ་རྩིས་བྱས་ན་ཐིང་རིམ་པའི་མགོ་ཁྲིད800ལྷག་ཙམ་འཆད་ཁྲིད་ནང་ཞུགས་ཡོད་པ་དང་། རིམ་རྩིས་ལྟར་ན་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཁྲི45“དྲ་སྦྲེལ་ཁྲིམས་ལུགས་དྲིལ་བསྒྲགས”གྱི་ལོ་འཁོར་དྲ་རྒྱའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཡིག་རྒྱུགས་དང་དེ་སྔའི་བཅའ་ཁྲིམས་ཐོབ་ཐང་ཡིག་རྒྱུགས་ནང་ཞུགས་ཡོད་པ་རེད།    

“འགག་རྩའི་ཚོགས་སྤྱི”གཞོན་ནུ་ལོ་ཆུང་རྣམས་གཙོ་གནད་དུ་འཛིན་པ།      

《གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྩ་གནད》ནན་ཏན་སྒོས་དོན་འཁྱོལ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་བྱ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་དཔར་འགྲེམ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་ཁྲིམས་སྐྱོང་སློབ་གཙོ་གཞོན་པ་དང་ཁྲིམས་སྐྱོང་ཟུར་ཁྲིད་པ3128བཀོད་སྒྲིག་བྱས་ཡོད་ལ། ཁྲིམས་སྐྱོང་སློབ་ཚན་གྱི་དགེ་རྒན1900ཡོད་པས་ཁྱོན་ཡོངས་སུ་ཁེབས་ཡོད།     

 “གཙོ་གནད་ཚོགས་སྤྱི”ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་དམིགས་སུ་འཛིན་པ།      

ཁྲིམས་ལུགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཞུགས་པའི་བྱེད་ཐབས་དེར་ཀྲུང་དབྱང་མགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐོབ་པ་དང་། རྒྱལ་ཡོངས་ལ་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་བྱས་ཡོད། དགོན་སྡེ་ཁག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་ལས་དོན་ཚོགས་ཆུང2266བཙུགས་པ་དང་། ཆོས་ལུགས་ལས་དོན་གྱི་སྐད་གཉིས་ཁྲིམས་ལུགས་དྲིལ་བསྒྲགས་དཔུང་སྡེ149བཙུགས་པར་ཁོངས་མི4445ཡོད་པ་དང་།ཆོས་ལུགས་བྱེད་སྒོ་སྤེལ་ཡུལ1574ལ་ཁྲིམས་སྦྱོང་ལམ་ལུགས་བཙུགས་ཡོད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ1516ལ་ཁྲིམས་སྐྱོང་དྲིལ་བསྒྲགས་པ་གཏན་འཁེལ་བྱས་པ་དང་།    ཆོས་ལུགས་བྱེད་སྒོ་སྤེལ་ཡུལ1150ལ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཆེད་སྒྲིག་ལེ་ཚན་བཟོས་པ་དང་། ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས5816བྱས། རིམ་རྩིས་བྱས་ན་དགོན་སྡེའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འགྲོ་གྲོན་སྒོར་ཁྲི1156.1བཏང་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་ལུགས་དྲིལ་བསྒྲགས་ལས་དོན་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་གྱུར་ཡོད། “ཁྲིམས་ལུགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཞུགས་པའི”དཔེ་སྟོན་ས་ཚིགས15བསྐྲུན་པ་དང་ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་དགོན་སྡེ་རུ་ཞུགས་པའི་དཔེ་སྟོན་རྟེན་གཞི1སྐྲུན་ཡོད།   

སྐད་གཉིས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ་ཁ་གསལ་དུ་བཏང་སྟེ། དྲིལ་བསྒྲགས་ཀྱི་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་བ།      

ཆེད་དོན་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་བོད་རྒྱ་དང་སོག་རྒྱ། ཧོར་རྒྱ་སོགས་སྐད་གཉིས་དྲིལ་བསྒྲགས་བརྙན་ཐུང་དང་ཡི་གེ སྒྲ། སྨྱན་སྦྱོར་གསར་པའི་བརྩམས་ཆོས་རྩོམ་སྒྲིག་དང་སྒྲིག་བཟོ་བྱས་ནས་གཞི་རིམ་སྡེ་ཁག་དང་གྲོང་མི། རོང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ཏེ་འགྲེམས་སྤེལ་བྱས་པ་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཁྲིམས་ལུགས་ཤེས་བྱའི་དགོས་མཁོ་སྐོང་གང་ཅི་ཐུབ་བྱས་པའི་བྱེད་སྤྱོད་ལ་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ཁས་ལེན་གང་ལེགས་ཐོབ་ཡོད།    

ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་གྱི《བོད་བརྒྱུད་ནང་བསྟན་དགོན་སྡེའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀློག་དེབ》ཐོག་མ་རྩོམ་སྒྲིག་བྱས་ནས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། རིམ་པ་དབྱེ་ནས་དམངས་དོན་ཁྲིམས་གཞུང་སྒྲོག་འགྲེལ་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཞུགས་པའི་ལས་དོན་དེ་མཐོ་ས་གསར་པ་ཞིག་ཏུ་སླེབས་པར་བྱས།   

མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་ཐིང་དང་གྲོང་ཁྱེར་དང་ཁུལ་ཁ་ཤས་ཀྱིས་རིམས་འགོག་ཚོད་འཛིན་གྱི་ཁྲིམས་ལུགས་ཤེས་བྱ་དང་འཕྲོད་བསྟེན་ཤེས་བྱ། དམངས་དོན་ཁྲིམས་གཞུང་གི་ཤེས་བྱ། གྱོད་འབྲེལ་ཁྲིམས་འགྲེལ་སོགས་བརྗོད་བྱ་གཙོ་བོར་བྱས་ནས། ཁ་པར་གྱི་པར་གཞིའི་ལ་གཞས་དང་ཞན་ཞའོ། ཁེ་པན། ཕེན་ཞན། རྡུང་ལེན་སོགས་ས་གནས་ཀྱི་གཞས་མ་གཏམ་གྱི་བརྙན་ཐུང་བརྩམས་ཆོས་ཁག་གཅིག་བཟོས་པ་དང་། གོ་བདེ་ཞིང་རྟོགས་སླ་བའི་སྒོ་ནས་ཁྲིམས་ལུགས་རྒྱུན་ཤེས་སྒྲོག་སྤེལ་བྱས་ཡོད། རྩེད་ཞོར་དང་དགོར་ཞོར་དུ་སློབ་གསོའི་རིན་ཐང་རྟོགས་པར་བྱས་པས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་ཇེ་མཐོ་དང་ཁྱབ་རྒྱ་ཇེ་ཡངས། ཤུགས་རྐྱེན་ཇེ་ཟབ་ཏུ་བཏང་ཡོད།   

ཁྱབ་གདལ་བཅོས་སྐྱོང་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། ས་ཁོངས་ཡོངས་སུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ།  

མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱལ་ཁབ་རིམ་པའི་ཁྲིམས་སྐྱོང་རྫོང(གྲོང་ཁྱེར་དང་ཁུལ)13དང་རྒྱལ་ཁབ་རིམ་པའི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)55འཛུགས་སྐྲུན་བྱས་ཡོད། ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་རྫོང(གྲོང་ཁྱེར་དང་ཁུལ)12དང་ཞིང་ཆེན་རིམ་པའི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)223། ཞིང་ཆེན་རིམ་པའི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་ལག་ལེན་རྟེན་གཞི17། ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་དཔེ་སྟོན་ཁུལ20བཅས་སྐྲུན་ཏེ་གཞི་རིམ་གྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།    

ལས་རིགས་སྡེ་ཁག་གིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་བ། “ཁྲིམས་ལྟར་སློབ་གྲྭ་སྐྱོང་བ་དང་དཔེ་སྟོན་སློབ་གྲྭ་སྐྱོང་བ”དང་།    “ཡིད་རྟོན་ཁྲིམས་སྲུང་ཁེ་ལས།”“ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད”བཅས་ཀྱི་ཁྲིམས་སྐྱོང་དགོན་སྡེའི་ལྟ་བ་སོགས་གསར་འཛུགས་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། ཁྲིམས་ལྟར་གཞི་རིམ་སྐྱོང་པར་སྐུལ་འདེད་གཏིང་ཟབ་བཏང་།

 “པད་མ་རྫོང་གི་ཉམས་མྱོང”དང་། “ཡུས་ཧྲུའུ་ཡི་རྣམ་པ”“རེབ་གོང་གི་བྱེད་སྟངས”“ཁྲི་ཀའི་ཏ་ཧྲི་ཅ་སྡེ་བའི་གསར་བརྗེའི་སློབ་གསོ”བཅས་ཀྱི་ཁྲོད། ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩིས་ནས་བོད་འབྲེལ་ས་ཁུལ་བཅོས་སྐྱོང་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་།  སྤྱི་ཚོགས་བདེ་འཇགས་དང་གྲོང་གསེབ་བཅོས་སྐྱོང་། དངུལ་བུན་གཏོང་བ་དང་ལས་གཞི་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཚོང་རའི་འཁོར་རྒྱུག ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་དང་ཆ་འཕྲིན་དྲ་བ། རིག་གནས་ཡུལ་སྐོར། སློབ་གསོ་འཕྲོད་བསྟེན་བཅས་ལས་རིགས་ཆེན་པོ་བཅུའི་ཁྱབ་ཁོངས་ཀྱི་བཅོས་སྐྱོང་གནད་དོན་དམིགས་སུ་བཟུང་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།