མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་བྱ་བའི་གྲོས་ཚོགས1ཚེས27ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་རེ་བ་བཏོན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་བརྟག་བཤེར་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་བློ་མཐུན་རྣམས་ལ་འཚམས་འདྲི་དང་བཀའ་དྲིན་ཞུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་བྱ་བའི་རེ་བ་བཏོན།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། བསྡོམས་རྩིས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་བསྡོམས་རྩིས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཁྱབ་བཤེར་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། བརྟག་བཤེར་འཁོར་རྒྱུག་གནད་ལ་འཁེལ་བ་བྱེད་པ། ཁྲིམས་ལྟར་བསྡོམས་རྩིས་བྱེད་པར་ཤུགས་སྣོན་པ་སོགས་ཕྱོགས་ནས་བྱ་བ་འབོར་ཆེན་བསྒྲུབས་པ་དང་། ནུས་པ་གལ་ཆེན་འདོན་སྤེལ་བྱས།  ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། གཞི་གྲངས་ཀྱི་སྤུས་ཚད་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་བཅོས་བསྒྱུར་ཟབ་སྤེལ་བྱེད་རྒྱུ་སྒུལ་ཤུགས་སུ་བྱེད་པ། ཚན་རྩལ་གསར་གཏོད་འདེགས་སྐྱོར་དུ་བྱེད་པ། ཁྲིམས་སྐྱོང་ལྟ་སྐུལ་འགན་སྲུང་དུ་བྱེད་པ། བསྡོམས་རྩིས་ཆ་འཕྲིན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པར་ཤུགས་སྣོན་པ། ཇུས་ཆོད་ཐད་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལ་སྣེ་ཁྲིད་སྔར་ལས་བཟང་བོ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བསྡོམས་རྩིས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། 2020ལོར། ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། བསྡོམས་རྩིས་བཅོས་བསྒྱུར་གསར་གཏོད་ནན་མོར་སྤེལ་ལ། བསྡོམས་རྩིས་ལྟ་ཞིབ་སྔོན་བརྡ་དང་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་བསྣན་པ་དང་། བསྡོམས་རྩིས་ཞབས་ཞུའི་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དབྱེ་ཞིབ་གནས་བབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཆོད་འགོད་པ། བྱ་བར་མཛུབ་སྟོན་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། 2021ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ལམ་གསར་བ་འབྱེད་པའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བསྡོམས་རྩིས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། བསྡོམས་རྩིས་གསར་གཏོད་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལྟར་བསྡོམས་རྩིས་བྱེད་པ་དང་ཁྲིམས་ལྟར་བསྡོམས་རྩིས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། བསྡོམས་རྩིས་བྱ་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། བསྡོམས་རྩིས་གཞི་གྲངས་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་བསྡོམས་རྩིས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་དགོས་ཟེར།

ཚོགས་ཐོག་ནས། 2021ལོའི་ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་ལས་ཁུངས་ཀྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་རྒྱུས་ལོན་ཡང་དག་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ཟབ་མོ་བྱེད་པ། འཕེལ་རྒྱས་ཀྱི་མ་དཔེ་གསར་བ་འཛུགས་སྐྲུན་བྱེད་པ། བསྡོམས་རྩིས་དེང་རབས་ཅན་བཅོས་བསྒྱུར་སྤེལ་རྒྱུ་གཙོ་ཐིག་ཏུ་བྱེད་པ། བསྡོམས་རྩིས་བཅོས་བསྒྱུར་གསར་གཏོད་ཟབ་སྤེལ་བྱེད་པ། བསྡོམས་རྩིས་དབྱེ་ཞིབ་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། བསྡོམས་རྩིས་ཁྲིམས་སྐྱོང་ལྟ་སྐུལ་ལ་ཤུགས་སྣོན་པ། བསྡོམས་རྩིས་བརྟག་བཤེར་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་དམ་འཛིན་བྱེད་པ། དེང་རབས་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ཏེ། བསྡོམས་རྩིས་བྱ་བའི་གཞི་གྲངས་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་ཁ་ཕྱོགས་ནས། ལས་ཁུངས་ཡོངས་ཀྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། གསར་གཏོད་བསམ་གཞིགས་སྲ་བརྟན་དུ་གཏོང་བ། འགན་སྒྲུབ་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་པའི་ཐད་བསྡོམས་རྩིས་ཀྱི་སྟོབས་ཤུགས་འབུལ་བའི་ཐད་རེ་བ་བཏོན། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།