ཝང་ཞོན་གྱིས་རྫ་སྟོད་རྫོང་གི་སྡེ་བ་དང་གཞིས་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་སོང་ནས། ས་གནས་དེ་གའི་སྡེ་བ་དང་གཞིས་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཝང་ཞོན་གྱིས་བསྟན་དོན། རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྡེ་བ་དང་གཞིས་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་ལས་དོན་སྤེལ་བའི་ཁྲོད་ནས། ཞིང་ཆེན་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དངོས་འབེབས་ནན་མོ་བྱེད་རྒྱུ་དང་། མི་འདེམས་པའི་འགག་རྩ་དང་སྐབས་བརྗེའི་གོ་རིམ། ཐོབ་ཐང་ཞིབ་བཤེར་གྱི་འགག་རྩ། སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་འགག་རྩ་བཅས་དམ་པོར་འཛིན་དགོས། སེམས་ཞིབ་མོས་གྲ་སྒྲིག་དང་བཀོད་སྒྲིག་ནན་མོ་བྱེད་པ། གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྡེ་བ་དང་གཞིས་ཁུལ་གྱི་ཏང་རྩ་འཛུགས་ཀྱི་སྐབས་བརྗེ་ལས་དོན་ཡོངས་འགྲུབ་བྱས་ཏེ། སྡེ་བ་དང་གཞིས་ཁུལ་གྱི་སྐབས་བརྗེ་འདེམས་བསྐོ་བྱ་བར་རྨང་གཞི་བརྟན་པོ་འདིང་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།