མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས56པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ལག་བསྟར་དོན་འཁྱོལ་བླང་བྱ་བཏོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་མགོ་འཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ། ཏང་ཙུའུ་ཁོངས་མིའམ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ། ཉའོ་ཁྲུན་ཡུན། ཝུའུ་ཧའེ་ཁུན། ཏང་ཙུའུ་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་ཚོགས་འདུར་ཞུགས། ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཚོགས་འདུར་ཟུར་ཞུགས་བྱས། 

ཚོགས་འདུས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་མགོ་རྩོམ་པར་རྩ་བའི་བརྩི་སྲུང་མཁོ་འདོན་བྱེད་པ་དང་། ཏན་ཏིག་གིས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་བསམ་བློའི་ནང་སྙིང་ལ་ངེས་ཤེས་ཡོད་པར་བྱས་ཏེ། ཕན་ཚུན་བར་གྱི་འབྲེལ་བ་དང་དུས་རབས་ཀྱི་རིན་ཐང་། དེ་མིན་མུ་མཐུད་དུ་ཆབ་སྲིད་བརྡར་གཅོད་ནུས་པ་དང་། གོ་རྟོག་ནུས་པ།ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་བཏང་སྟེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་གཞི་བཅས་ནས། འགན་ནུས་ལག་བསྟར་གྱིས། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་མགོ་ལེགས་པོ་རྩོམ་པ་དང་། མཇུག་ལེགས་པོ་བསྐྱངས་པར་དམངས་ཆེན་གྱི་སྟོབས་ཤུགས་ཕུལ་དགོས། ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་ལྔ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། མགྱོགས་མྱུར་ངང་ཤེས་བྱའི་བདག་དབང་སྲུང་སྐྱོབ་སྐོར་གྱི་ཁྲིམས་འཛུགས་དང་། ལྟ་སྐུལ་བྱ་བར་སྐུལ་འདེད་བཏང་ནས། ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་རོགས་འདེགས་བྱེད་དགོས་ཞེས་བསྟན། 

ཚོགས་འདུས་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་བློ་གལ་ཆེན་གྱི་བརྗེ་རེས་ཚོགས་ཆེན་སྟེང་གི་འབྲེལ་ཡོད་གསུང་བཤད་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བདུན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་བརྒྱུད་སྒྲོག་བྱས་པ་དང་། ལག་བསྟར་བྱེད་ཐབས་བཀོད་སྒྲིག་བྱས། ཚོགས་འདུས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2021ལོའི་བྱ་བའི་གཙོ་གནད་དང་། ཁྲིམས་འཛུགས་འཆར་གཞི། ལྟ་སྐུལ་འཆར་གཞི། འཐུས་མིའི་བྱ་བའི་འཆར་གཞི་སོགས་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།