མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བར་བླང་བྱ་བཏོན་ཞིང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་གཏམ་བཤད། 

ཝང་ཅན་ཅུན་གྱིས་བསྟན་དོན། 2020ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཞིང་། སྔ་ན་མེད་པའི་དཀའ་ཁག་དང་འགྲན་རྩོད་ལ་གདོང་གཏད་དེ། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་སྡེ་ཁག་གིས་ཉེན་ཁའི་ཁྲོད་ནས་གོ་སྐབས་འཚོལ་བ་དང་། འགྱུར་ལྡོག་ཁྲོད་ནས་རྣམ་པ་གསར་བ་སྐྲུན་ཏེ། ཐབས་བརྒྱ་ཇུས་སྟོང་གིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་ཅིང་། བློ་སེམས་གཅིག་སྒྲིལ་གྱིས་ཚོང་ར་རྒྱ་བསྐྱེད་དེ། འབྲས་བུ་ལེགས་པོ་ཞིག་སྤྲད། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་མགོ་རྩོམ་པའི་ལོ་ཡིན་ཞིང་། རིག་གནས་དང་གནས་སྐོར་བྱ་བར་ཉམས་ཚོད་གསར་བ་དང་འཕྲད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཁྲོད་དུས་སྐབས་གསར་བ་དམ་འཛིན་དང་། འདུ་ཤེས་གསར་བ་ལག་ལེན། རྣམ་པ་གསར་བ་འཛུགས་སྐྲུན་བཅས་ཀྱིས། མུ་མཐུད་དུ་མཁོ་འདོན་གྱི་སྤུས་ཚད་དང་ཁེ་ཕན་མཐོར་འདེགས་སུ་གཏོང་བ་དང་། རིག་གནས་གནས་སྐོར་སྤུས་ཚད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་སྡེ་ཁག་གིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་གདོང་གཏད་དེ། མདུན་དུ་བསྐྱོད་པ་དང་། ཧུར་ཐག་འབད་བརྩོན་སྒོས་ལས་རྣམ་གསར་བ་གསར་སྐྲུན་དང་། ཚོང་ར་གསར་བ་རྒྱ་བསྐྱེད་ནས། ལས་རིགས་ཡོངས་སུ་སླར་གསོ་རང་བཞིན་གྱི་འཕར་བསྣོན་བྱུང་ཞིང་། རབ་མཛེས་མཚོ་སྔོན་གྱི་མཚན་སྙན་དང་། ཤན་ཤུགས་མུ་མཐུད་དུ་མཐོར་འདེགས་ཕྱིན། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། རིག་གནས་གནས་སྐོར་གྱི་ཞིང་ཆེན་མིང་གྲགས་ཅན་གསར་སྐྲུན་གྱི་དམིགས་འབེན་ལ་དམིགས་ནས། རིག་གནས་དང་གནས་སྐོར་གྱི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་ཀྱིས། སྤུས་ཚད་མཐོ་བའི་རིག་གནས་གནས་སྐོར་མཉམ་འདྲེེས་ལ་སྐུལ་འདེད་དང་། འཕེལ་རྒྱས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན།

དབྱང་ཧྥིན་ཁྲུན་གྱིས་ན་ནིང་གི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ད་ལོའི་གཙོ་གནད་བྱ་བར་བཀོད་སྒྲིག་ལེགས་པོ་བྱས། ཁོས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་བྱ་བས་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བའི་འཕེལ་རྒྱས་ཁ་ཕྱོགས་དམ་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་ལམ་ཕྱོགས་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་འཕེལ་རྒྱས་ཀྱི་དམིགས་འབེན་ཁྲོད་འདྲེས་སུ་བཅུག་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་མངོན་འགྱུར་དང་། མཁོ་འདོན་གྱི་གསར་སྐྲུན་དགོས་མཁོ་དང་། དགོས་མཁོའི་མཁོ་འདོན་གྱི་འཁོར་རྒྱུག་གྲུབ་ཏུ་བཅུག་སྟེ། ཧུར་ཐག་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་མགོ་ཡག་པོ་རྩོམ་དགོས། དུས་མཚུངས་སུ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་དམ་འཛིན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་བསྣན་ནས། ལོ་སར་སྐབས་ཀྱི་རིག་གནས་བྱ་འགུལ་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། ཏང་གིས་རིག་གནས་གནས་སྐོར་བྱ་བའི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་བསྣན་ཏེ། རིག་གནས་གནས་སྐོར་བྱ་བ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་བཞག་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།