མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་སྔ་གཞུག་ཏུ་ཐོ་འགོད་བྱས།

a24543f0-85b7-406b-bdb0-85bbdb18bb1e.tif.jpg

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཨུ་ཡོན་རྣམས་སྔ་གཞུག་ཏུ་ཐོ་འགོད་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་སྔ་གཞུག་ཏུ་ཐོ་འགོད་བྱེད་སར་ཕེབས་ནས་བདེ་འཇགས་ཞིབ་བཤེར་དང་ཡིག་ཆ་ལེན་པ། མགྲོན་ཁང་དུ་སྡོད་པ་སོགས་བརྒྱུད་དེ། གོ་རིམ་ཡོད་པའི་སྒོ་ནས་ཐོ་འགོད་བྱས་པ་རེད། 

ཨུ་ཡོན་ཚོ་སྡོད་ས་ནས་གསར་འགོད་པས་ཐོ་འགོད་བྱེད་སར་ཕེབས་པའི་སྲིད་གྲོས་ཨུ་ཡོན་ཚང་མའི་ཁ་ཐུམ་བརྒྱབ་པ་དང་། ལས་བྱེད་མི་སྣས་མཛུབ་ཁྲིད་འོག  གོ་རིམ་ཡོད་པའི་སྒོ་ནས་ཐོ་འགོད་བྱེད་པ་དང་དཔང་ཡིག་ལེན་པ། གྲོས་ཚོགས་ཀྱི་འབྲེལ་ཡོད་ཡིག་ཆ་ལེན་པ་སོགས་འགྲོ་ལུགས་ཚང་མ་སྒྲུབ་རྗེས། ཨུ་ཡོན་རྣམ་པས་གྲོས་ཚོགས་ཀྱི་གྲོས་རིམ་ནན་ཏན་སྒོས་རྒྱུས་ལོན་བྱེད་པ་དང་། ཡུལ་དངོས་སུ་ཨུ་ཡོན་ཚོའི་ཚོགས་འདུར་ཞུགས་པའི་དགའ་སྤྲོ་དང་སྲིད་ལ་ཞུགས་པ་དང་སྲིད་དོན་གྲོས་གླེང་བྱེེད་པའི་དུང་སེམས་ཀྱིས་ཁེངས་ཡོད་པ་མཐོང་།  ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཚེ་བརྟན་གྱིས་སྐྱེ་ཁམས་སྲུང་སྐྱོང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ། ཁོས་མིན་ཡོན་རྫོང་ནི་མདོ་ལ་རི་རྒྱུད་ཀྱི་དབུལ་རྒྱུད་དུ་ཆགས་པའི་སྐྱེ་ཁམས་གཙོར་ཡིན་པའི་རྫོང་ཞིག་ཡིན་པ་དང་། རེ་བ་ཡིན་ན་འབྲེལ་ཡོད་སྡེ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་རྫོང་འདིའི་ནུས་ཁུངས་གཙང་མའི་འཛུགས་སྐྲུན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ། སྔར་ལས་ལྷག་པར་མིན་ཡོན་ས་ཆའི་རླུང་ཁམས་ཆེན་མོ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བསྒྱུར་བྱེད་པ་དང་།  དག་གཙང་གི་མིན་ཡན་དང་ལྗང་མདོག་གི་མིན་ཡན་བཅས་འཛུགས་སྐྲུན་བྱས་ནས་ས་དེའི་མང་ཚོགས་ཁྲི16ལ་ཕན་བདེ་སྐྲུན་དགོས་ཟེར། 

ལོ་སྔོན་མ་དང་མི་མཚུངས་ས་ཞིག་ཡོད་པ་ནི་ད་ལོའི་ཚོགས་འདུ་ནི་བཀག་སྡོམ་གྱི་རྣམ་པ་སྤྱད་དེ་དོ་དམ་བྱ་རྒྱུ་ཡིན་ལ། གྲོས་ཚོགས་སྐབས་སུ་གནང་ཞུ་གོ་རིམ་ནན་ཏན་གྱིས་སྒྲུབ་པ་སོགས་རིམས་ནད་སྔོན་འགོག་གི་བྱེད་ཐབས་ནན་མོ་ལག་བསྟར་བྱས་པར་ཨུ་ཡོན་ཚོའི་ལས་འགན་སྒྲུབ་པའི་སྤྲོ་སེམས་ཞུ་མེད། ཚང་མས་གྲོས་ཚོགས་སྐབས་སུ་ནན་ནན་ཏིག་ཏིག་གིས་སྲིད་ལ་ཞུགས་ནས་སྲིད་དོན་གྲོས་གླེང་བྱ་རྒྱུ་དང་། ཨུ་ཡོན་གྱི་ལས་འགན་ལག་བསྟར་བྱས་ཏེ།  མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བློ་མདོན་ཇུས་འདོན་བྱ་རྒྱུ་ཡིན་པར་བསྟན།   །   

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།