2021ལོའི་ལོ་གསར་སྐྱེལ་འདྲེན་མགོ་བརྩམས་པ།

8.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས28ཉིན།  དུས་ཡུན་ཉིན40ཡིན་པའི་ལོ་གསར་སྐྱེལ་འདྲེན་དངོས་སུ་མགོ་བརྩམས་པ་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་གྱིས་ས་གནས་སོ་སོའི་མང་ཚོགས་ཀྱིས་རང་ས་གནས་སུ་ལོ་གསར་དགོས་པའི་སྲིད་ཇུས་བཏོན་པ་རེད།  སྔོན་རྩིས་ལྟར་ན་ད་ལོར་ལྕགས་ལམ་སྡེ་ཁག་གིས་འགྲུལ་བ་མི་ཐེངས་ཁྲི140སྐྱེལ་འདྲེན་བྱས་པ་དང་།  མཚོ་སྔོན་མཁའ་འགྲུལ་ཀུང་སིས་འགྲུལ་བ་མི་ཐེངས་ཁྲི51.6སྐྱེལ་འདྲེན་བྱས།  ཟི་ལིང་རླངས་འཁོར་ས་ཚིགས་ཀྱིས་འགྲུབ་བ་སྐྱེལ་འདྲེན་བྱེད་ཚད་ལོ་སྔོན་མ་དང་བསྡུར་ན་ཉུང་ཞིང་སྔོན་རྩིས་ལྟར་ན་ལོ་གསར་སྐབས་ཀྱི་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་ཀྱང་ལོ་སྔོན་མ་དང་བསྡུར་ན་ཇེ་ཉུང་དུ་འགྲོ་རྒྱུ་རེད།

ལོ་གསར་སྐབས་སུ་གཟབ་ནན་གྱིས་རིམས་ནན་སྔོན་འགོག་ཚོད་འཛིན་བྱེད་པ་ལས་གཞན།  ཀྲུང་གོའི་ལྕགས་ལམ་མཚོ་བོད་མཐོ་སྒང་སྡེ་ཚོགས་ཚད་ཡོད་ཀུང་སིས་འགྲུལ་བ་ཆེས་མང་བའི་ཟི་ལིང་ནས་ན་གོར་མོ་བར་དང་།  ཟི་ལིང་ནས་ལྷ་ས་བར་གནས་སྐབས་སུ་མེ་འཁོར་བསྣན་ཡོད་པ་དང་ན་གོར་མོ་དང་གཏེར་ལེན་ཁ་སོགས་སུ་མེ་འཁོར་ཁ་སྣོན་བྱས་ཏེ་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།  ཞབས་ཞུའི་སྟེགས་བུ་རུ་ལས་བཟོ་བས་འགྲུལ་བ་དག་གིས་ལག་དངུལ་གྱིས་པ་སེ་ཉོ་བར་རྒྱབ་སྐྱོར་བྱས་ཏེ། རང་འགུལ་མ་ལག12306གིས་ལོ་ན60ཡན་གྱི་འགྲུལ་བ་རྒན་པ་དག་ལ་སྔོན་དུ་ཉལ་ཁྲི་འོག་མ་བཀོད་སྒྲིག་བྱས་ཤིང་། རྒན་པ་དག་དང་དམིགས་བསལ་ཅན་གྱི་འགྲུལ་བར་སྟབས་བདེ་བསྐྲུན་པར་འགན་སྲུང་བྱ་རྒྱུ་རེད།

ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་པེ་ཅིན་དང་ཀོང་ཀྲོའུ།  ཞི་ཨན།  ཀྲེན་ཀྲོའུ་བཅས་ལ་ཐད་གཏོང་གནམ་གྲུ་ཉིན་རེར་ཐེངས་གཅིག་རེ་བཀོད་སྒྲིག་བྱས་ཡོད་པ་དང་།  ཟི་ལིང་ནས་པེ་ཅིན་བར་ཉིན་རེར་གནམ་གྲུ་ཐེངས10དང་།  ཟི་ལིང་ནས་ཞི་ཨན་བར་ཉིན་རེར་གནམ་གྲུ་ཐེངས7།  ཟི་ལིང་ནས་ཁྲིན་ཏུའུ་དང་ལྷ་ས་བར་ཉིན་རེར་གནམ་གྲུ་ཐེངས6།  ཟི་ལིང་ནས་ཀོང་ཀྲོའུ་དང་ཀྲེན་ཀྲོའུ་བར་ཉིན་རེར་གནམ་གྲུ་ཐེངས4བཅས་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག་ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས་ཏེ་རྒན་པ་རྣམས་གནམ་གྲུ་འདུག་པའི་དཀའ་ཁག་ཐག་གཅོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།