ཟླ1པོའི་ཚེས21ཉིན་ནས་ཚེས29ཉིན་བར་མཚོ་སྔོན་ཞིང་ཆེན་གྱིས་ཉ་ལས་ཐོན་ཁུངས་དང་ཉ་ལས་སྐྱེ་ཁམས་སྲུང་སྐྱོབ་ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་བྱ་བ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན་ནས་ཟླ1པོའི་ཚེས29ཉིན་བར། མཚོ་སྔོན་ཞིང་ཆེན་ཞིང་ལས་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་ལྟ་སྐུལ་ཅུས་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། རྫོང་ཉ་ལས་ཁྲིམས་ལུགས་ལག་བསྟར་མི་སྣས་གྲུབ་པའི་དཔུང་ཁག་གསུམ་གྱིས་མཚོ་སྔོན་པོ་དང་། འབྲི་ཆུའི་མཚོ་སྔོན་འབབ་རྒྱུད་ས་ཁུལ། མཚོ་སྔོན་པོའི་ཞའོ་ཧྲོས་ཟམ་པ་དང་།ཚྭ་ཁའི་ས་ཁོངས་ཀྱི་གཙོ་གནད་སྡེ་བ་དང་། ཞིང་ལས་ཉོ་ཚོང་ཚོང་ར། བཟའ་བཏུང་བྱེད་སར་སོང་ནས་ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་བྱས། ཚོང་གཉེར་ལས་ཁུངས་གཙོ་བོས་མཚོ་སྔོན་པོའི་གསེར་ཉ་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་ཡོད་མེད་ལ་ཞིབ་བཤེར་དང་། ཆུ་ཐོན་ཐོན་རྫས་ཚོང་གཉེར་ལས་ཁུངས་ཀྱིས་དཔང་ཡིག་དང་པ་སེ། ཚོང་ནང་འདྲེན་ཞིབ་བཤེར་སྒྲིག་སྲོལ་ཞིབ་བཤེར་བྱས་པ་མ་ཟད། ཉོ་བསྡུ་བྱས་མི་ཆོག་པ་དང་ཁྲིམས་མཐུན་མིན་པའི་ལས་སྣོན་ཡོང་ཁུངས་ཀྱི་བདེན་དཔང་ཡི་གེ་དང་ཆུ་ཐོན་ལས་སྣོན་ཐོན་རྫས་ལ་ཞིབ་བཤེར་བྱས། 

དེ་བས། ཞིང་ཆེན་ཞིང་ལས་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་ལྟ་སྐུལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བ་ཞུས་ཅན་གྱིས་བཤད་རྒྱུར། འབྲི་ཆུའི་ཉ་བཟུང་མི་ཆོག་པའི་བྱ་བ་དང་ཐེངས་ལྔའི་མཚོ་སྔོན་པོའི་ཉ་གསོ་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་བ་ལེགས་པོར་སྒྲུབ་པ་དེས། རང་ཞིང་གི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཉ་རིགས་སྲུང་སྐྱོབ་དང་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ལ་ཧུར་ཐག་གིས་ནུས་ཤུགས་བཏོན་ཞིང་། སྤྱི་ཚོགས་ལས་རིགས་སོ་སོས་ཉ་ལས་ཐོན་ཁུངས་དང་ཉ་ལས་སྐྱེ་ཁམས་སྲུང་སྐྱོབ་ལ་དོ་སྣང་བྱས་ཏེ་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས་ཡོད་ཟེར།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།