ཝང་ཞའོ་ཡུང་གིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་ཞིབ་བཤེར་ཚན་ཆུང་གི་སྣེ་ཁྲིད་དེ་ཞིང་ཆེན་གྲོས་ཚོགས་ལྟེ་གནས་དང་ཨུ་ཡོན་འདུག་སར་སོང་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས། 

མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ། ཝང་ཞའོ་ཡུང་འཁོར་དང་བཅས་པས་ཡུལ་དངོས་བཀོད་སྒྲིག་དང་། སྒྲིག་ཆས་སྙོམས་སྒྲིག  བདེ་སྲུང་། རིམས་ནད་འགོག་བཅོས་ཚོད་འཛིན་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཞིབ་ཕྲའི་གནད་དོན་ལེགས་བཅོས་ཐད་བསམ་འཆར་བཏོན། གྲོས་ཚོགས་འཚོགས་ས་སའོ་ཧྥེ་ཐི་གསོལ་མགྲོན་ཁང་དུ། ཡུལ་དངོས་ནས་ཚན་བགོས་བགྲོ་གླེང་ཁང་དང་།ཟ་ཁང་། ཇ་ཁང་དང་ཉལ་ཁང་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་བལྟས། ཝང་ཞའོ་ཡུང་གིས་གྲོས་ཚོགས་གྲ་སྒྲིག་གནས་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་དང་། བྱ་བའི་ཚན་ཆུང་གི་དཀའ་སྤྱད་གྲ་སྒྲིག་ལ་བཀའ་དྲིན་ཞུས།

ཝང་ཞའོ་ཡུང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་མགོ་རྩོམ་ལ་ཉེ་ཞིང་། བྱ་བའི་ཚན་ཆུང་གིས་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཀྱིས་རྩ་འཛུགས་ལེགས་པོ་དང་། མཐུན་འགྲིག་དམ་ཟབ་སྒོས། ཕན་འབྲས་མཐོ་རུ་གཏོང་བ་དང་། གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སོ་སོ་ལེགས་པོར་སྒྲུབ་དགོས། སྔར་ལས་ལྷག་པའི་སྒོ་ནས་བྱ་བ་སོ་སོའི་འགན་འཁྲི་བརྟན་པོས་གོ་རིམ་སོ་སོ་དང་ལས་གནས་སོ་སོ། བྱ་བའི་གོ་རིམ་སོ་སོར་དམ་འཛིན་བྱས་ནས། མེ་གསོད་མེ་འགོག་བདེ་འཇགས་དང་། འགྲིམ་འགྲུལ་རྩ་འཛུགས། ཚོགས་རའི་ཞབས་ཞུ། ཟས་རིགས་འཕྲོད་བསྟེན་སོགས་ཀྱི་བྱ་བ་གནད་དུ་ཁེལ་བར་བྱས་ནས། ཚོགས་ཞུགས་ཨུ་ཡོན་གྱི་བྱ་བ་དང་འཚོ་བའི་ཐད་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་དགོས། ཁོས་ནན་གྱིས་བསྟན་དོན། དེང་སྐབས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད་ཅིང་། རིམས་ནད་འགོག་བཅོས་ཀྱི་བྱ་བར་དམ་འཛིན་དང་གཟབ་ནན་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགན་འཁྲི་གཙོ་བོ་ལག་བསྟར་དང་། ཏན་ཏིག་གིས་ཚོགས་ཞུགས་མི་སྣའི་ཉིང་སྐྱུར་བརྟག་དཔྱད་དང་། དྲོད་གྲངས་ཚད་ལེན་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་ཆད་ལུས་མེད་པ་བཅས་བྱས་ཏེ། ཚོགས་འདུའི་སྐབས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བདེ་འཇགས་སྲ་བརྟན་དུ་བཏང་ནས། ཚོགས་ཆེན་བདེ་བླག་ངང་འཚོགས་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།