མཚོ་སྔོན་དུ་སྐྱེ་ཁམས་དབུལ་སྐྱོར་ལས་དོན་སྤེལ་ཏེ་རོང་འབྲོག་པའི་ཡོང་སྒོ་འཕར་བར་སྣེ་འཁྲིད་བྱས།།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ལྔའི་རིང་། མཚོ་སྔོན་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་ནགས་ཚལ་སྐྱེ་ཁམས་ཁེ་ཕན་ཁ་གསབ། རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་རྣམ་གྲངས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར222.1བཏང་ཞིང་། གཞི་ཁྱོན་ཆེ་བའི་ས་ཁོངས་ལྗང་བསྒྱུར་ས་མུའུ་ཁྲི2116.4ལེགས་འགྲུབ་བྱུང་ནས། རོང་འབྲོག་པ་མང་ཚོགས་མི་ཐེངས་ཁྲི200ལྷག་སྒོ་ཕྱི་རུ་ཞོལ་ལས་འགྲོ་མི་དགོས་པར་ཡོང་སྒོ་འཕར་སྣོན་བྱུང་། 

སྐྱེ་ཁམས་སྲུང་སྐྱོང་དབུལ་སྐྱོར་དང་སྐྱེ་ཁམས་འཛུགས་སྐྲུན་དབུལ་སྐྱོར། སྐྱེ་ཁམས་ཐོན་ལས་དབུལ་སྐྱོར། སྐྱེ་ཁམས་ཁ་གསབ་དབུལ་སྐྱོར་སོགས་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཐོན་ཁུངས་བདག་སྐྱོང་དང་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་གཉིས་ཟུང་འབྲེལ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཡིག་ཚགས་བཟོས་པའི་དབུལ་ཕོངས་དུད་ཁྱིམ་ཁྲོད་ནགས་ལས་ཐོན་ཁུངས་བདག་སྐྱོང་བྱེད་མཁན་མི་ཁྲི4.99གདན་ཞུ་བྱེད་པ་དང་ལོ་ལྔའི་ནང་གླ་ཕོགས་བསྡོམས་པས་དུང་ཕྱུར39.6རྩིས་སྤྲོད་བྱས་པས། མི་རེའི་ལོ་རེར་ཡོང་སྒོ་སྒོར་ཁྲི2ལྷག་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མི་རེའི་ཡོང་སྒོ་སྒོར་ཁྲི2.16བཅས་ལ་སླེབས་པ་དང་དབུལ་ཕོངས་མི་གྲངས་ཁྲི18ལ་ཕན་བདེ་སྐྲུན། 

གཞན་ད་དུང་མཚོ་སྔོན་གྱིས་སྐྱེ་ཁམས་བཟོ་འགོད་ལག་བསྟར་བྱས་ཏེ་མི་ཐེངས་ཁྲི176བཟོ་འགོད་ནང་ཞུགས་པ་དང་མི་རེའི་ཡོང་སྒོ་སྒོར4557འཕར་སྣོན་བྱུང་བ་མ་ཟད། ནགས་སྐྲུན་ཆེད་ལས་མཉམ་ལས་ཁང387བཙུགས་པ་དང་བསྡོམས་པས་དབུལ་ཕོངས་སྡེ་མི4768ལྷག་གི་ཡོང་སྒོ་ཆ་སྙོམས་ཀྱི་སྒོར2852འཕར་སྣོན་བྱུང་། མིག་སྔར་སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་སྐུལ་འདེད་བྱེད་པའི་བགྲོད་ལམ་ཞིག་གསར་དུ་གཏོད་ཡོད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།