ཀྲང་ཀོང་རུང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས27ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་དང་། མཚོ་སྔོན་མགྲོན་ཁང་། པའོ་ཝེ་མེ་ཏོག་གླིང་གའི་གསོལ་མགྲོན་ཁང་། “H”གསོལ་མགྲོན་ཁང་སོགས་སུ་ཕྱིན་ནས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲ་སྒྲིག་ལས་དོན་ཁག་ལ་ཞིབ་བཤེར་བྱས།

ཀྲང་ཀོང་རུང་དང་བཅས་པས་སྔ་རྗེས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་དང་། ཚོགས་ར་བཀོད་སྒྲིག མལ་ཁང་བཀོད་སྒྲིག བདེ་འཇགས་སྲུང་སྐྱོབ། རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཞིབ་ཚགས་བྱས་པ་མ་ཟད། གནད་དོན་ཞིབ་ཕྲ་ཁག་ཅིག་ལ་ལེགས་བཅོས་བྱེད་པའི་བསམ་འཆར་བཏོན།

ཚོགས་ཆེན་སྟེང་དྲུང་ཡིག་ཁྲུའུ་ཡི་བྱ་བའི་སྙན་ཞུ་ལ་གསན་རྗེས་ཀྲང་ཀོང་རུང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཚོགས་ཆེན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་འཚོག་རྒྱུ་ཡིན་པས། གནས་ཚུལ་དམིགས་བསལ་དང་། ལས་འགན་སྔར་ལས་དཀའ་ཚེགས་ཆེ་བ་ཡོད་པར་བསྟན། ཁོང་གིས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་དང་འབྲེལ་ཡོད་སྡེ་ཁག་གིས་བསམ་བློའི་སྟེང་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཞབས་ཞུའི་ལས་དོན་བཟང་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། ཞིབ་ཕྲར་མཐོང་ཆེན་དང་དོ་དམ་བརྒྱུད་རིམ་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་སྐྱོན་ཆ་གང་ཡང་མི་ཐོན་པའི་ཁག་ཐེག་བྱས། མཐུན་སྦྱོར་ལ་ཤུགས་བསྣན་ནས“ཚོགས་ཆེན་གྱི་གཏན་འབེབས་ཁག་ལག་བསྟར་ནན་མོ”བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཞོགས་འདེགས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། རྟོག་ཞིབ་ནན་མོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། དམིགས་བསལ་བྱ་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་ཚོགས་ཆེན་བདེ་འཇགས་ཡོང་ཆེད་རྨང་གཞི་བཟང་པོ་འདིང་དགོས། མགོ་མཇུག་ཚང་བའི་ཞབས་ཞུ་དང་། དྲིལ་བསྒྲགས། ཚོགས་འདུའི་རྗེས་ཀྱི་ཕྱོགས་བསྡོམས་བྱེད་པ་སོགས་ཀྱི་ལས་དོན་བཟང་པོ་བསྒྲུབས་ཏེ། མགོ་མཇུག་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བཞག་ནས་ཚོགས་ཆེན་སྤྱོད་གཙང་དྲང་གཞག་དང་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་ཏན་ཏིག་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།