མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅོ་ལྔ་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས27ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅོ་ལྔ་བ་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་འབྲེལ་ཡོད་ལས་དོན་སྐོར་ལ་གྲོས་ཞིབ་བྱས། རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། བང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲུན། ཏུའུ་ཅའེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ལིག་ཏ་ཡའེ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི67གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཀྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་བསྡུ་བའི་སྐོར་གྱི་ཐག་གཅོད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཟླ1པོའི་ཚེས29ཉིན་ཟི་ལིང་དུ་བསྡུ་རྒྱུ། དེ་མིན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་འཆར་ཟིན་དང་། ཉིན་རེའི་བཀོད་སྒྲིག་དང་སྙན་ཞུའི་མི་སྣའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། འབྲེལ་ཡོད་མི་དོན་སྐོར་ལ་གྲོས་ཞིབ་བྱས་ཤིང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལོ་རེའི་བྱ་བའི་ཡར་ཞུ་དང་ཏང་ཡོན་རྒྱུན་ཨུའི་འཐུས་མིའི་ལས་གནས་བྱ་བའི་སྤྱི་བསྡོམས་ལ་ཉན།

གྲོས་ཚོགས་ཀྱིས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་། གྲོས་གཞི་བྱ་བའི་སྙན་ཞུའི་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་སྤྲད་དེ་གྲོས་ཞིབ་བྱས། ཚང་མས2020ལོར་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཡོངས་ཀྱི་འགན་ནུས་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ། བྱ་བ་སོ་སོར་ཕན་འབྲས་ལྡན། ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་ཐོན་དང་སྲིད་གྲོས་ཨུ་ཡོན་དང་ལས་བྱེད་པས《ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར》གྱི་པོད་གསུམ་པ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་སོགས་ཀྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་རྩ་འཛུགས་བྱས་ནས། ཏང་གི་གཞུང་ལུགས་གསར་གཏོད་ཀྱིས་ཆབ་སྲིད་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་ཞིང་། གྲོས་མོལ་ལ་དམིགས་ནས། ཁྱོན་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ལེན་པ་དང་དམ་དུ་འབྲེལ་བ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་དང་། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་གླེང་གཞི་སྒྲིག་བཟོ་ལག་བསྟར་བྱས་ནས། རྟོག་ཞིབ་གྲོས་མོལ་དང་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་གྱིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་བར་སྐུལ་འདེད་གཏོང་དགོས་པར་འདོད། 

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་དཀྱིལ་སྙིང་དང་ལག་ལེན་གྱི་བླང་བྱ་དམ་འཛིན་བྱས་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དང་འབྲེལ་ཏེ། སྔ་མོ་ནས་འཆར་འགོད་དང2021ལོའི་གཙོ་གནད་གྲོས་མོལ་སྲིད་གླེང་གི་བྱ་བ་མགོ་བརྩམས་ནས། རང་ཞིང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་མགོ་ལེགས་པོ་ཞིག་རྩོམ་པར་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་སྐུལ་འདེད་གཏོང་དགོས། ཡར་བརྩོན་གྱི་སྙིང་སྟོབས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལེགས་པོ་ཞིག་འཚོགས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་ཏན་ཏིག་གིས་ཚོགས་འདུའི་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་ནས། ཚོགས་ཆེན་དེ་དམངས་གཙོ་མཐུན་སྒྲིལ་དང་། ཡར་བརྩོན་གྱི་ཚོགས་ཆེན་ཞིག་འཚོགས་པར་ཁག་ཐེག་བྱེད་པ་དང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དག་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ནས། རང་འགུལ་སྒོས་གྲོས་མོལ་བྱས་ཏེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་སྤྱི་ཡོངས་འཕེལ་རྒྱས་ཁྲོད་འདྲེས་སུ་འཇུག་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ་དབྱང་ཁུ་ཞང་གྲོས་ཚོགས་སུ་ཞུགས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།