མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་དང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་དང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་བཅས་ཀྱིས་བྱ་བའི་བླང་བྱ་བཏོན། ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་གྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་མིང་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཝང་ཅན་ཅུན་གྱིས་བཟོ་ལས་དང་ཆ་འཕྲིན། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལས་དོན་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན། འདས་པའི་ལོ་གཅིག་གི་རིང་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན། རྒྱལ་ཁབ་ལ་དབང་བའི་མ་ལག་གིས་རིམས་འགོག་དངོས་རྫས་འདོན་སྤྲོད་བྱེད་པར་འགན་ལེན་བྱས་ནས། ཐོན་ལས་སླར་གསོ་བྱེད་པའི་འགག་སྒྲོལ་དམག་འཐབ་དང་། “བརྟན་བརླིང་དྲུག” “འགན་སྲུང་དྲུག”སྲུང་སྐྱོབ་དམག་འཐབ། གསར་དར་ཐོན་ལས་གསོ་སྐྱོང་རྒྱུན་སྲིང་དམག་འཁྲུག་ཡུན་རིང་རྒྱབ་ཅིང་། སྤྱིར་བཏང་མ་ཡིན་པའི་ལོ་ལ་དམིགས་བསལ་གྱི་གྲུབ་འབྲས་བླངས། “ལོ་ལྔ་ཚན་བཅུ་གསུམ་པ”བདེ་བླག་ངང་མཇུག་སྒྲིལ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པར་བསྟན་པ་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་སྐབས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་མ་ལག་གིས་བཅོས་བསྒྱུར་གྱི་བསམ་གཞིགས་དང་གསར་གཏོད་བྱེད་ཐབས་ལ་བརྟེན་ནས་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་། འདུ་ཤེས་གསར་པ་དོན་འཁྱོལ། གནས་བབ་གསར་པ་འཛུགས་སྐྱོང་བཅས་བྱེད་པའི་ལག་ལེན་ཁྲོད་རྨང་གཞི་བརྟན་པོ་དང་། ཞན་ཆ་གསབ་པ། ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ“དཔལ་འབྱོར་གྱི་རྣམ་པ་བཞི”རང་ཚུགས་ཐུབ་པར་སྐུལ་འདེད་བཏང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པ”ཡི་གྲུབ་འབྲས་གཟེངས་ཐོན་གྱི་གོམ་སྟབས་བརྟན་པོ་སྤོས་ནས། ཕུལ་བྱུང་གྲུབ་འབྲས་བླངས་ཏེ་ཏང་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་གྱིས་བསྟན།

ཞིན་ཁྲང་ཞིང་གིས2020ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་མ་ལག་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་བཅས་མཐའ་གཅིག་ཏུ་ལག་བསྟར་དང་། རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད། འགག་སྒྲོལ་དཀའ་སེལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དེ་བཟོ་ལས་དཔལ་འབྱོར་གྱི་གཞི་རྩ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅས་གཞི་རྩའི་ཆ་ནས་གཏན་འཇགས་ཡོང་བ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་རང་བཞིན་གྱིས་སླར་གསོ་དང་བརྟན་བརླིང་ཡོང་ཕྱིར་ཧུར་ཐག་གིས་ལེགས་སྐྱེས་ཕུལ་དགོས། ལོ་གསར་པར་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་མ་ལག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་རེ་བ་ཡོད་པར་བསྟན་པ་མ་ཟད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ལྟར། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན་བཅས་བྱས་ནས། ཐོན་ལས་རྒྱུན་བརྟན་ཡོང་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་མཁོ་སྤྲོད་སྦྲེལ་ཐག་དེ་འབུར་དུ་ཐོན་པའི་གནས་སུ་འཇོག་པ། སྔོ་ལྗང་འཕེལ་རྒྱས་དང་། གསར་གཏོད་སྐུལ་འདེད། འཕར་སྣོན་བརྟན་བརླིང་། ཕྱི་ཕྱོགས་སྒོ་འབྱེད། འཁོར་རྒྱུག་ཤར་བགྲོད། འགུལ་ནུས་བཅོས་བསྒྱུར། བཅོས་བསྒྱུར་ཟབ་སྤེལ་སོགས་ཀྱི་ཐད་མུ་མཐུད་ཤུགས་འདོན་དགོས་ལ། ལྗང་མདོག་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྲུན་དང་། ལོ་ལྔ་ཚན་བཅུ་བཞི་པ”ཡི་མགོ་ཡག་པོ་རྩོམ་པར་བྱས་རྗེས་གསར་བ་འཇོག་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་སྟེང2020ལོའི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་སོགས་ཀྱི་སྔོན་ཐོན་ས་ཁུལ་དང་ལས་ཁུངས་ལ་བརྡ་ཁྱབ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུག་དངུལ་འདྲེན་གྱི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་ལས་གཞིའི་རྣམ་གྲངས། “མཚོ་སྔོན་ངོ་འཕྲད་གྲོས་མོལ”བཅས་ཀྱི་སྔོན་ཐོན་ལས་ཁུངས་ལ་གཟེངས་བསྟོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།