སྤེན་མ་སྡེ་བའི་སྡེ་མིས་ཡོང་འབབ་བགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས26ཉིན།  ཏ་ཐུང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲུའོ་པེ་བོད་རིགས་ཤང་སྤེན་མ་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་བསྟོད་བསྔགས་དང་དགའ་སྤྲོས་ཁེངས་ཡོད། དེ་རིང་ནི་སྤེན་མ་སྡེ་བའི2020ལོའི་མེ་ཏོག་རྒྱ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡོང་འབབ་བགོ་བའི་ཉིན་མོ་ཡིན་ལ། བྱ་འགུལ་གྱི་ཡུལ་དངོས་སུ་མ་རྐང་བཞག་པ་ལྟར་མཚོ་སྔོན་ཝན་ཧྭ་ཀུའུ་སྐྱེ་ཁམས་ཡུལ་སྐོར་ཚད་ཡོད་ཀུང་སིས་སྡེ་མི558ལ་སྒོར་ཁྲི25ཡི་བགོ་བཤའ་རྒྱག་བཞིན་ཡོད།  སྡེ་མི་ཀའོ་ཧྲེང་ཧྲོའུ་ཡིས“ལོ་རེའི་དུས་སྐབས་འདི་ནི་ཆེས་དགའ་སྣང་ཆེ་བའི་དུས་སྐབས་ཡིན་ལ། ལོ་རྗེས་མར་ལས་ཀ་ལས་པར་ལྷག་ཏུ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། ད་ལོ་ནི་ང་ཐེངས་བཞི་ལ་སྒོར་མོ་བགོ་བཤའ་རྒྱག་པར་ཞུགས་པ་ཡིན།  ལོ་རེར་སྒོར2592ཀྱི་ཡོང་སྒོ་ཡོད་པ་མ་ཟད་དུས་རྒྱུན་མེ་ཏོག་རྒྱ་མཚོ་རུ་ལས་ཀ་ཙག་ཙིག་ལས་ཏེ་ཡོང་སྒོ་བཙལ་ཐུབ་ལ་ལོ་རེར་ཡོང་སྒོ་སྒོར་ཁྲི3ལྷག་ཙམ་ཡོད། གལ་ཏེ་ཏང་དང་སྲིད་གཞུང་གི་རོགས་སྐྱོར་དང་སེམས་ཁུར་མེད་ན་རང་ཉིད་ཀྱི་སྒོ་ཁ་རུ་ཕྱུག་འགྱུར་བྱེད་ཐུབ་པ་ཡིད་ལའང་དྲན་མ་མྱོང”ཞེས་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།