མཚོ་བྱང་ཁུལ་མདོ་ལ་རྫོང་གིས“སུམ་འཛོམས”ཡུལ་སྐོར་བཏོད་པ།

2.jpg

སྒྲོ་འར་རི་བོའི་ཟུར་ཞིག

3.jpg

ཡུལ་སྐོར་བ་གངས་ཤུད་བྱ་འགུལ་ནང་ཞུགས་པ།

4.jpg

མང་ཚོགས་གངས་འཁྱགས་བྱ་འགུལ་ནང་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གསར་ཐོན་ལ་ཉེ་སྐབས། “ཤར་ཕྱོགས་སུའེ་ཙེར”ཞེས་པའི་མཚན་སྙན་ལྡན་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཆི་ལེན་རྫོང་དུ་གངས་འཁྱགས་བྱ་འགུལ་ཞིག་གཟབ་རྒྱས་ངང་སྤེལ་བཞིན་ཡོད་པ་དང་། ས་ཁུལ་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་དང་གངས་འཁྱགས་ལ་དགའ་མཁན་དག་མདོ་ལ་རི་བོའི་འདབས་སུ་འཛོམས་ནས་བྱ་འགུལ་དེའི་ནང་ཞུགས་ཤིང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བཞིན་ཡོད།

ཆི་ལེན་རྫོང་ནི་མདོ་ལ་རི་བོའི་དབུས་རྒྱུད་དུ་གནས་ཤིང་། རྫོང་ཁོངས་སུ་རྩྭ་ཐང་དང་གངས་རི། ནགས་ཚལ། གྲོག་རོང་། འཁྱགས་རོམ། འདམ་ར། ས་དམར་ས་གཤིས་སོགས་མཉམ་དུ་འདྲེས་པས་ནུབ་བྱང་རྩྭ་ཐང་མཛེས་ལྗོངས་དང་ཐང་རྒོད་མཛེས་ལྗོངས་ཀྱི་འདྲེས་མཚམས་ཡིན་པ་མ་ཟད། རྨོ་ཞིང་དཔལ་ཡོན་དང་། མཚོ་བོད་མཐོ་སྒང་དང་ས་སེར་མཐོ་སྒང་། བོད་རིགས་དང་རྒྱ་རིགས་འདུས་སྡོད་ཁུལ་གྱི་ས་ཁམས་དབྱེ་མཚམས་ཀྱང་ཡིན། མངའ་ཁོངས་སུ“བརྒྱད་གཅིག་འཁྱགས་རོམ” དང་ནག་ཆུའི་གྲོག་རོང་ཆེན་མོ། མདོ་ལ་རིང་མོའི་རྩྭ་ཐང་། གླིང་གེ་སར་རྗེས་ཤུལ་སོགས་ཀྱིས་ཆི་ལེན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་གྲུབ་ཡོད།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་དམིགས་ནས་ཆི་ལེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་དེ་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་གྱི་གོ་རིམ་ཡོངས་སུ་ཁྱབ་པར་བྱས་ནས། མཚོ་སྔོན་མདོ་ལ་རི་ཁུལ་གྱི་རི་ཆུ་ནགས་ཞིང་སྲུང་སྐྱོང་ཉམས་གསོ་ཚོད་ལྟའི་ལས་གཞི་དང་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་སྤུས་ལེགས་རྒྱ་བསྐྱེད་ལས་དོན་སྤེལ་ཏེ་ཕྱོགས་བརྒྱད་ནས་ས་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་འདུ་ཤེས་མངོན་འགྱུར་དང་། ཡུལ་སྐོར་དང་རིག་གནས་ལུས་རྩལ། ཞིང་ཕྱུགས། ཁོར་ཡུག་ནགས་ལས། ཚོང་དོན་སོགས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལག་བསྟར་བྱས་ཏེ་རྒྱུན་མཐུད་ངང་མཁོ་སྤྲོད་མ་ལག་ལེགས་བཅོས་བྱས། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།