མཚོ་སྔོན་ཞིང་ཆེན་གྱིས2020ལོའི་མགོ་ཁྲིད་རྩ་འཛུགས་དང་མགོ་ཁྲིད་ལས་བྱེེད་པའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་ཇུས་གཞི་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གིས《2020ལོའི་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས། བཟོ་ལས་གླིང་ཁུལ་གྱི་མགོ་ཁྲིད་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་ཀྱི་དཔྱད་ཞིབ་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་ཤིང་། དེ་ལོ་སྔོན་མ་དང་བསྡུར་ན། 2020ལོའི་དཔྱད་ཞིབ་ཇུས་གཞི་ཡིས་དཔྱད་ཞིབ་ཚན་བགོས་དང་། དཔྱད་ཞིབ་ཀྱི་རྣམ་པ། ཕུལ་བྱུང་གི་མི་གྲངས་སོགས་ཀྱི་ཐད་སྙོམས་སྒྲིག་ཅུང་ཆེན་པོ་བྱས་ཤིང་། དེང་སྐབས་ཀྱི་དོན་དངོས་དང་མཐུན་ཞིང་། རྒྱུགས་ལེན་གྱི་དངོས་གཞི་དང་འཚམ་ལ། རྒྱུགས་འབྲས་དངོས་མའང་ཡིན་པ་རེད།

དཔྱད་ཞིབ་ཚན་བགོས་སྙོམས་སྒྲིག་བྱས་པ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བྱ་བའི་ཧུར་ཐག་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ནས། དྲང་བདེན་གྱི་འགྲན་རྩོད་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་དཔྱད་ཞིབ་ཚན་བགོས་ལ་སྙོམས་སྒྲིག་བྱས་པ་དང་། སྙོམས་སྒྲིག་བྱས་རྗེས་ཀྱི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལ་སྔར་ཡོད་ཀྱི་ཚན་ཆུང་བདུན་ནས་ཚན་ཆུང་དྲུག་ཏུ་གཅིག་བསྡུས་བྱས་པ་དང་། གྲོང་ཁྱེར་དང་ཁུལ8དང་། བཟོ་ལས་གླིང་ཁུལ3། དེ་མིན་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཚན་ཁག་ལ་འགྱུར་ལྡོག་མེད། དེ་ལས་གཞན། དཔྱད་ཞིབ་བྱ་ཡུལ་ཁྲོད་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་རྟོག་ཞིབ་སྤྱི་ཁྱབ་རུ་ཁག་གསར་དུ་བསྣན་པ་མ་ཟད། སོ་སོར་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་ལ་དཔྱད་ཞིབ་བྱེད་པའི་སྒྲིག་ཁོངས་ཁྲོད་བླངས། 

དཔྱད་ཞིབ་ཀྱི་རྣམ་པ་དང་བྱེད་ཐབས་གསར་གཏོད་བྱས་པ། ལས་གཉེར་དཔྱད་ཞིབ་གཅིག་གྱུར་བྱས་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་གཅིག་བསྡུས་དང་། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲི་སྒྲིག་སྲོལ། དེ་མིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་གྱི་ལས་གཉེར་དཔྱད་ཞིབ་ཀྱི་རྨང་གཞིའི་སྟེང་། ཚོང་གཉེར་ཁོར་ཡུག་དང་ །རིག་དངོས་བདེ་འཇགས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། སྲིད་འཛིན་ཞབས་ཞུ་མ་ལག་འཛུགས་སྐྲུན་སོགས་ཀྱི་ལས་གཉེར་སྡེ་ཁག་གི་དཔྱད་ཞིབ་དེ། ཞིང་ཆེན་ཡོངས་ཀྱི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་དང་མཉམ་དུ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་དུས་མཉམ་དུ་སྤེལ་བའི་དཔྱད་ཞིབ་ལས་གཉེར་ཁྱོན་བསྡོམས་རྣམ་གྲངས19ཡོད། དཔྱད་ཞིབ་ཀྱི་ཤུགས་ཚད་ཆེ་རུ་བཏང་ནས། མགོ་ཁྲིད་རྩ་འཛུགས་ཀྱི་རྒྱུགས་ལེན་དཔྱད་ཞིབ་སྐར་མ་སྙོམས་སྒྲིག་བྱས་ཏེ། མགོ་ཁྲིད་རྩ་འཛུགས་ཀྱི་དུས་རྒྱུན་གྱི་དཔྱད་ཞིབ་དབང་ཆའི་བསྡུར་ཚད10%ནས20%མཐོ་རུ་བཏང་ཞིང་། དམིགས་འབེན་དཔྱད་ཞིབ་ཀྱི་དབང་ཆའི་བསྡུར་ཚད75%ནས70%རུ་སྙོམས་སྒྲིག་བྱས་པ་དང་། ཕྱོགས་སོ་སོའི་ཐད་ཀྱི་དཔྱད་འཇོག་གི་དབང་ཆའི་བསྡུར་ཚད་དེ15%ནས10%རུ་སྙོམས་སྒྲིག་བྱས། 

དཔྱད་ཞིབ་ཀྱི་ནང་དོན་འཐུས་ཚང་དུ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་ལྟར། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བྱས་ནས། མགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་ཚད་ལེན་དང་སྤྱོད་སྟངས་འཛུགས་སྐྲུན་གྱི་ཚད་ལེན་རྣམ་གྲངས་ཁྲོད་བླངས། དཔྱད་ཞིབ་ཀྱི་རིམ་པ་བགར་བ་སྙོམས་སྒྲིག་བྱས་པ་དང་། མགོ་ཁྲིད་རྩ་འཛུགས་ཀྱི་ལོ་རེའི་དཔྱད་ཞིབ་རེའུ་མིག་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ལོ་རེའི་དཔྱད་ཞིབ་རེའུ་མིག་གསར་དུ་ཞིབ་འཇུག་གཏན་འཁེལ་བྱས་ཤིང་། དཔྱད་འཇོག་གི་རིམ་པ་དེ་སྔོན་ཆད་ཀྱི་ཡིད་ཚིམ་པ་དང་། ཅུང་ཡིད་ཚིམ་པ། ཅུང་ཡིད་མི་ཚིམ་པ། ཡིད་མི་ཚིམ་པ་བཅས་ནས་འབུར་ཐོན་དང་། ཅུང་འབུར་ཐོན། མཐོར་འདེགས་སུ་འགྲོ་བར་རེ་བ་ཡོད་པ་བཅས་སྣ་གསུམ་དུ་ལེགས་སྒྲིག་བྱས་པ་མ་ཟད། འབུར་ཐོན་ཡིན་པའི་རྣམ་གྲངས་ཁྲོད་ཆེས་མང་ནའང་སྣ་གསུམ་ལས་འདེམས་མི་ཆོག་པ་གཏན་འཁེལ་གསལ་བོ་བྱས་ཡོད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།