དར་ལག་རྫོང་ཁྲིམས་འཛིན་ཅུའུ་ཡིས2021ལོའི་གཙོ་གནད་མི་སྣའི་མི་སྒེར་གྱི་རིམས་ནད་འགོག་སྲུང་ཤེས་བྱའི་གསོ་སྦྱོང་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་གནས་བབ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བ་དང་། དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་བྱེད་པའི་ལས་དོན་སྔར་ལས་གལ་ཆེན་ཏུ་གྱུར་ཡོད་པས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་གོམ་གང་མདུན་སྤོས་ཀྱིས“རིགས་གཉིས”ཀྱི་གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་གྱི་སློབ་གསོ་གཏོང་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ཆུ་མ་ཤོར་གོང་གི་རགས་རྒྱབ་པ་རེད།

དར་ལག་རྫོང་ཁྲིམས་འཛིན་ཅུའུ་ཡིས་གཙོ་གནད་མི་སྣར་མི་སྒེར་གྱི་རིམས་ནད་འགོག་སྲུང་ཤེས་བྱའི་གསོ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཚོགས་འདུ་མ་འཚོགས་སྔོན་གཙོ་གནད་མི་སྣར་ཐོ་འགོད་དང་དྲོད་ཚད་བརྟག་དཔྱད་ནན་མོ་བྱས་པ་མ་ཟད་གོ་རིམ་ཧྲིལ་པོར་ཁ་ཐུམ་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་སྟེང་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ཁག་ཁ་གསལ་བཟོས་པ་དང་དུས་མཚུངས་སུ་ཁོང་ཚོས་འཚོ་བར་དགའ་ཞེན་དང་། མཐུན་སྒྲིལ་མཛའ་བརྩེ། རང་ཉིད་ལེགས་བཅོས་བཅས་ཀྱི་ཡིད་ཆེས་ཀྱི་བསམ་བློ་དང་ལྟེ་བར་ཕྱོགས་པའི་ཤུགས་ཆེ་རུ་བཏང་བ་དང་། ཐོ་བཀོད་གཙོ་གནད་མི་སྣར་རིམས་ནད་འགོག་སྲུང་བཀོལ་སྤྱོད་དངོས་རྫས(མི་རེར་སྨན་སྤྱོད་ཁ་ཐུམ50དང་། ལག་བཀྲུའི་དུག་སེལ་གཤེར་ཁུ་དམ་བུ3། དུག་སེལ་རློན་ཤོག་བག་ཆ་ཆེ་བ1) སྤྲད་ནས། མི་སྒེར་གྱི་འགོག་སྲུང་འདུ་ཤེས་ཆེ་རུ་བཏང་།

ལས་ཁུངས་ཀྱིས་མ་དངུལ་བཏང་ནས་རྫོང་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་སྡེ་ཁུལ་མི་སྣ18ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་། གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་བྱེད་པའི་བྱ་བའི་ནང་དོན་དང་སྤུས་ཚད་སྲ་བརྟན་དུ་བཏང་ནས། རང་རྫོང་གི་སྤྱི་ཚོགས་འཆམ་མཐུན་དང་། མི་སེམས་བདེ་འཇགས། རྨང་གཞི་འཛུགས་སྐྲུན་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།