མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་ཞིང་སྡེའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དང་། ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་གྱི་བླང་བྱ་གལ་ཆེན་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དང་། ཞིང་སྡེ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ། “ཞིང་གསུམ”ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད། མགོ་རྩོམ་ས་གསར་པའི་སྟེང་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་བྱ་བའི་རྣམ་པ་གསར་པ་བཏོད་པར་འབད་བརྩོན་བྱེད་དགོས་པར་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་རེད།

ཝང་ཅན་ཅུན་གྱིས“ཞིང་གསུམ”ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར། ཏང་གིས“ཞིང་གསུམ”ལ་ཤུགས་སྣོན་རྒྱག་པའི་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པའི་རྩ་བ་དམ་འཛིན་དང་། རིམ་ལྔའི་ཧྲུའུ་ཅིས་ཞིང་སྡེ་དར་སྤེལ་ལ་འཛིན་པར་རྒྱུན་འཁྱོངས། རིམ་པ་ཁག་གི་ཞིང་ལས་གཉེར་སྐྱོང་སྒྲིག་སྲོལ་དང་ལམ་ལུགས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གོང་འོག་གཉིས་སྦྲེལ་མཐུད་དང་། གནད་ཁེལ་སྲིད་ཇུས་ལག་བསྟར། ལས་དོན་དངོས་དོན་གཉེར་བཅས་བྱེད་དགོས། དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་ཞིང་སྡེ་དར་སྤེལ་གཉིས་ནུས་ལྡན་ངང་འབྲེལ་མཐུད་བྱེད་པ་དམ་འཛིན་བྱས་ཏེ་ལས་ཀ་དང་། སྲིད་ཇུས། ལས་ཁུངས་བཅས་ཀྱི་དཔུང་ཁག་འབྲེལ་མཐུད་སྒོས་བྱ་བ་ཆད་ལུས་མེད་པ་དང་། སྲིད་ཇུས་ཆད་ལུས་མེད་པ། ལས་ཁུངས་ཀྱི་དཔུང་ཁག་གི་བར་སྟོང་མི་ལུས་པ་བཅས་ལ་ཁག་ཐེག་བྱས། མཐོ་སྒང་ཞིང་སྡེ་འཛུགས་སྐྲུན་ལ་བརྟེན་ནས་ཞིང་སྡེ་དར་སྤེལ་གཏོང་བར་རོགས་རམ་བྱེད་པར་དམ་འཛིན་བྱས་ཏེ། “ཤང་བརྒྱ་སྡེ་སྟོང”ཡི་དཔེ་སྟོན་ལས་གཞི་དང་ལྷག་པར་འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། “མི” “གནས” “མ་དངུལ་”ཐག་གཅོད་བཟང་པོ་བྱེད་པའི་གནད་དོན་ཐད་འབད་བརྩོན་བྱེད་པ། སྔོ་ལྗང་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གཞི་རྟེན་དམ་འཛིན་བྱས་ནས། ཐོན་སྐྱེད་དང་། བགོ་བཤའ། འཛད་སྤྱོད། འཁོར་རྒྱུག་བཅས་གྱི་གོ་རིམ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འཕྱུགས་ལས་ཐོན་རྫས་སྔར་ལས་མང་བ་མཐོ་སྒང་ནས་ཕྱིར་སྐྱོད་པ་དང་། རྒྱལ་ཡོངས་དང་འཛམ་གླིང་དུ་སྐྱོད་པར་བྱེད་པ། ཤང་སྡེ་དང་འབྲོག་ཁུལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་གནད་འགག་དམ་འཛིན་དང་། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་སྡེ་རྒྱུ་གཉིས་གྲུབ་ཚུལ་བར་བརྒལ། ས་གནས་བཅོས་སྐྱོང་ལ་སྐུལ་སྤེལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྔར་བས་ལྷག་པ་འདོན་སྤེལ་བྱེད་དགོས་པར་ནན་གྱིས་བསྟན།

ཞིན་ཁྲང་ཞང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་དུ་འཛིན་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཞིང་སྡེའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བཅས་བྱས་ནས། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་སྔར་བས་ཤུགས་སྣོན་དང་། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་བ། ཞིང་སྡེ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། ཞིང་ཕྱུགས་ལས་ལ་བརྟེན་ནས་ཞིང་ཕྱུགས་ལས་དེང་རབས་ཅན་དུ་འགྱུར་བ་མགྱོགས་སུ་གཏོང་བ། སྤྱོད་ཚུལ་དམ་འཛིན་དང་དངོས་དོན་གཉེར་བའི་བྱེད་ཐབས་སྤྱད་དེ2021ལོ་དང་“ལོ་ལྔ་ཚན་བཅུ་བཞི་པའི”སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི“ཞིང་གསུམ”བྱ་བ་ལེགས་པར་བསྒྲུབ་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བཟང་པོ་དང་ལག་བསྟར་བཟང་པོ་བྱས་ནས། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས་པར་བསྟན།

གྲོས་ཚོགས་བརྙན་ལམ་གྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དངཆུས)བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིས་ཅེ་ཞང་། ཝང་ཡུས་ཡན། ཉི་མ་སྒྲོལ་མ། ཝུའུ་ཧའེ་ཁུན། ཝང་ཞོན་བཅས་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས་ཡོད།

གྲོས་ཚོགས་སྟེང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།