མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲུན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མི56གྲོས་ཚོགས་སུ་ཞུགས་ཤིང་། བཅའ་ཁྲིམས་གཏན་འཁེལ་གྱི་མི་གྲངས་དང་མཐུན། ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས། ཀྲང་ཀོང་རོང་གིས་མཇུག་སྒྲིལ་ཚོགས་འདུར་མགོ་འཛིན་བྱས། 

གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཕུལ་བའི་ཐེངས་འདིའི་གྲོས་ཚོགས་ཀྱི་མི་དོན་སྐོར་གྱི་གནས་ཚུལ་གསལ་བཤད་ཡར་སྤྲོད་པར་ཉན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཐུང་ཏི་ཡིས་ཕུལ་བའི་འཐུས་མི་སྐོར་ཞིག་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུར་ཉན། 

གྲོས་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་།《མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་འཆར་ཟིན》དང《མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན》ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པའི་ཟུར་ཞུགས་མི་སྣའི་མིང་ཐོ་ཐག་གཅོད་བྱས། 

གྲོས་ཚོགས་ཀྱིས《མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་སྐོར་ཞིག་གི་འཐུས་མིའི་ཐོབ་ཐང་གི་ཞིབ་བཤེར་སྙན་ཞུར》བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

གྲོས་ཚོགས་ཀྱིས་འབྲེལ་ཡོད་མི་དོན་སྐོར་གྱི་ལས་དོན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། ཝང་ཀྲིན་ཧྲིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པའི་ལས་གནས་ནས་འབུད་པའི་རེ་བ་དང་ལེན་བྱས་པ་དང་། ཁྲིན་མིན་ཀའོ་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་ལས་གནས་ནས་ཕྱིར་འབུད་པའི་རེ་བ་དང་ལེན་བྱས་ལ། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚབ་མ་སོགས་ཀྱི་མི་སྣར་བསྐོ་འཇོག་དཔང་ཡིག་གནང་། 

བསྐོ་འཇོག་མི་སྣའི་བསྐོ་འཇོག་སྔོན་གྱི་གཏམ་བཤད་གནང་། 

གྲོས་ཚོགས་སྟེང་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན། ཞིང་ཆེན་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་བ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མིན་ཡུང་ཧྲན་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།