མཚོ་སྔོན་ཞིང་ཆེན་གྱིས་ཞིབ་དཔྱོད་སྡེ་ཁག་གིས་དབུལ་ཐར་མཁྲེགས་གཏོར་གྱི་དཔེ་མཚོན་གྱོད་དོན5ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོར་སྒྲུབ་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དཔེར་མཚོན་གྱོད་དོནཡོངས་བསྒྲགས་བྱས། 

མཚམས་སྦྱོར་བྱས་པ་ལྟར་ན། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོར་སྤེལ་བ་ནི་ནག་ཉེས་ཐེབས་པ་དང་དམངས་དོན་གྱི་དབང་ཆར་འགལ་བ་དང་། ཞུ་གཏུགས་བྱེད་ཐབས་མེད་པར་སྤྱིན་ཚབ་ཐོབ་པའི་སྐབས་དོན་གྱི་མིར་དཔལ་འབྱོར་རོགས་སྐྱོར་འོས་འཚམས་རེ་བྱེད་པ། དེ་མིན་འཚོ་བར་དཀའ་ཁག་ཡོད་པའི་རོགས་འདེགས་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་ཤིག་ཡིན་ཞིང་། དེ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་དབུལ་ཐར་མཁྲེགས་གཏོར་གྱི་མངོན་མཚོན་གལ་ཆེན་ཞིག་ཡིན་པ་རེད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བའི་སྤྱི་ཁྱོན་ལ་དམིགས་ནས། རང་འགུལ་གྱིས་ཞིབ་དཔྱོད་གོ་རིམ་གྱིས་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོར་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ཁྲོད་བསམ་གཞིགས་དང་འཆར་འགོད་བྱས་ཏེ། མཚོ་སྔོན་གྱི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་དམིགས་བསལ་གྱི་ཞིང་ཆེན་གནས་ཚུལ་ལ་དམ་ཟབ་སྒོས། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་བྱ་བའི་འདུ་ཤེས་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་ལ་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། བཅའ་ཁྲིམས་ཀྱི་ཕན་འབྲས་བཟང་བའི་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོར་ལས་དོན་སྐོར་ཞིག་སྒྲུབ་ནས། ཁྲིམས་སྐྱོང་གི་ཟབ་ཚད་དང་དམངས་ཚིས་བརྩེ་བ་མངོན་པར་མཚོན། བསྡོམས་རྩིས་བྱས་པ་ལྟར་ན། 2018ལོ་ནས་ད་ལྟའི་བར་ཁྱོན་བསྡོམས་མི440ལ་རོགས་སྐྱོར་བྱས་ཤིང་། རོགས་སྐྱོར་མ་དངུལ་སྒོར་ཁྲི1374.26 བྱིན་པ་དང་། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་མང་ཚོགས205ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི707.6བྱིན། སྒོས་སུ2020ལོར་རོགས་སྐྱོར་བྱས་པའི་མི་གྲངས་དང་རོགས་སྐྱོར་མ་དངུལ་གྱི་ཆུ་ཚད་མཐོ་ཤོས་སྐྲུན་ནས། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཁུལ་གྱི་ཞིབ་དཔྱོད་གོ་རིམ་གྱི་ཁྲིམས་འཛིན་རོགས་སྐྱོར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བ་དང་། ཞིབ་དཔྱོད་གོ་རིམ་གྱི་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོར་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པའི་བྱ་བའི་རྣམ་པ་ལེགས་པོ་ཐོག་མར་འཛུགས་སྐྲུན་བྱས། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།