མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོགས་འདུ་ཐེངས68པ་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། བུའུ་ཧའེ་ཁུན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས།

ཚོགས་འདུས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན། དེ་མིན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་སྐོར་ཞིག་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་གྱི་སྙན་ཞུའི་འཆར་ཟིན་ཡར་ཞུར་ཉན་པ་དང་། མི་དོན་བསྐོ་འཇོག་གི་གྲོས་གཞིར་བགྲོ་གླེང་བྱས། ཀྲུའུ་རིན་ཚོགས་འདུས་གོང་གི་གྲོས་དོན་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་སྤྲད་དེ་གྲོས་ཞིབ་བྱེད་པར་འཐད་པ་བྱུང་། 

ཚོགས་འདུས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་གྲོས་རིམ་འཆར་ཟིན་ཡར་ཞུར་ཉན་པ་དང་། ཀྲུའུ་རིན་ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་སྤྲད་དེ་གྲོས་འཆམ་བྱུང་བར་འཐད་པ་བྱུང་། 

ཚོགས་འདུས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་གནས་སྐབས་ཏང་ཙུའུ་ཡི་མིང་ཐོའི་འཆར་ཟིན་གྱི་ཡར་ཞུར་ཉན་པ་དང་། མིང་ཐོའི་འཆར་ཟིན་དང་འབྲེལ་ཡོད་སྡེ་ཁག་གིས་སྔོན་ལ་གྲ་སྒྲིག་དང་ཚོགས་ཆེན་སྐབས་ཀྱི་ཏང་ཡོན་ཚོགས་ཆེན་གྱི་འབྲེལ་ཡོད་བྱ་བར་འཐད་པ་བྱུང་། 

ཚོགས་འདུས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་མིང་ཐོ་འཆར་ཟིན་དང་། དྲུང་ཡིག་ཆེན་མོ་གཞོན་པའི་འདེམས་མིའི་མིང་ཐོའི་འཆར་ཟིན་དང་ལས་བགོས་དང་། ཀྲུའུ་ཞིའི་སྟེགས་བུར་བཞུགས་པའི་མིང་ཐོའི་འཆར་ཟིན། འཐུས་མིའི་བཏོན་པའི་གྲོས་གཞིའི་དུས་ཚོད་ཀྱི་ཐག་གཅོད་འཆར་ཟིན། གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན། དེ་མིན་བརྡས་ཐག་གྲོས་གཞིའི་བྱ་ཐབས་ཀྱི་འཆར་ཟིན། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་མིང་ཐོའི་འཆར་ཟིན་ཡར་ཞུ་བཅས་ལ་ཉན་པ་དང་། ཀྲུའུ་རིན་ཚོགས་འདུས་རྩ་དོན་སྟེང་གོང་གི་གྲོས་དོན་དེ་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོར་སྤྲད་དེ་གྲོས་འཆམ་བྱུང་བར་འཐད་པ་བྱུང་། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།