མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུས་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ན་ནིང་གི་བྱ་བར་སྤྱི་བསྡོམས་བྱས་ཏེ། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་། ད་ལོའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཚོགས་འདུའི་སྔོན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བསམ་བློ་དྲིལ་སྒྲོག་བྱ་བའི་ཐད་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཀྲང་ཁྲིན་རོས་ཧྥིན་གྱིས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན། ཀྲང་ལི་བཅས་ཀྱིས་སོ་སོར་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་བྱས། 

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་མགོ་རྩོམ་པའི་ལོ་ཡིན་ཞིང་། བྱ་བར་མགོ་རྩོམ་དགོས་ན། བསམ་བློ་གཅིག་གྱུར་ཡོང་དགོས། ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་མི་སེམས་གཅིག་སྒྲིལ་དང་། མི་སེམས་ཡར་སྐུལ། སྲོལ་བཟང་སྣེ་ཁྲིད་དང་། དུས་རབས་ལ་བསྟོད་གླུ་ལེན་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཡོད། ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། དར་ཆ་གསལ་བོས་ཆབ་སྲིད་གླེང་བ་དང་། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དམ་འཛིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ཁྲོད་བྱེད་སྟངས་གསར་བ་ཡོད་པར་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར100འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་རེ་བ་བཏོན། 

ཁྲིན་རོས་ཧྥིན་གྱིས་ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་དར་ཆ་མཐོན་པོར་བསྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། རིག་གནས་དར་རྒྱས་སུ་གཏོང་བ། སྣང་བརྙན་གསར་བ་མངོན་པའི་ལས་འགན་ཕྲག་ཏུ་བླངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྦྱོང་ལག་ལེན་བྱེད་པར་རྩ་བར་བཟུང་སྟེ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་གཙོར་བཟུང་ནས། སྟོབས་ཤུགས་ཡོད་རྒུས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་སྒྲོག་སློབ་གསོ་དམ་འཛིན་དང་། མདུན་བསྐྱོད་ཀྱི་ལམ་བུ་གསར་བ་དང་། རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་བསམ་བློའི་སྟོབས་ཤུགས་ཀྱིས། སྤྱི་ཚོགས་ཀྱི་དཔལ་ཡོན་ཚད་གཞི་མཐོར་འདེགས་དང་། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གནས་ཚད་ཡོངས་ཀྱིས་རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་གསར་བ་མངོན་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། བསམ་བློ་དྲིལ་སྒྲོག་བྱ་བའི་དཔུང་ཁག་འཛུགས་སྐྲུན་སྟོབས་ལྡན་དུ་གཏོང་བ་དང་། བསམ་བློ་དྲིལ་སྒྲོག་བྱ་བའི་ཁྱད་ཆོས་གསར་སྐྲུན་བྱས་ནས། མཚོ་སྔོན་གྱི་བསམ་བློ་དྲིལ་སྒྲོག་བྱ་བའི་ཁྱད་ཆོས་མངོན་པ་དང་། ཏང་གི་བསམ་བློ་དྲིལ་སྒྲོག་བྱ་བ་དེ་མཚོ་སྔོན་དུ་རྐང་ཚུགས་པར་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ནས། མདུན་བསྐྱོད་གསར་བ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བསམ་བློའི་ཁག་ཐེག་དང་བསམ་བློའི་སྟོབས་ཤུགས་མཁོ་འདོན་བྱེད་པར་ཧུར་བརྩོན་བྱེད་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།