ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཁྲི170ལྷག་གི་སྡོད་ཁང་ཆ་རྐྱེན་ལ་ལེགས་བཅོས་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་མགྱོགས་མྱུར་སྒོས་སྡོད་ཁང་འགན་སྲུང་དང་མཁོ་འདོན་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སྡོད་ཁང་ཡོད་པ་དང་། སྡོད་ཁང་ལེགས་པའི་སྤྱིའི་དམིགས་འབེན་ལྟར། ཁྱོན་ཡོངས་ནས་མཁོ་འདོན་དང་བྱེད་ཐབས་སྣ་མང་འགན་སྲུང་། གླ་གཏོང་དང་ཉོ་སྒྲུབ་མཉམ་སྤྱོད་ཀྱི་སྡོད་ཁང་ལམ་ལུགས་བཙུགས་ཏེ། སྡོད་ཁང་ཚོང་རའི་མ་ལག་དང་སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས། སྡོད་ཁང་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་ཐོབ་སྟེ། སྡོད་ཁང་མེད་པར་སེམས་ཁྲལ་བྱེད་པ་ནས་སྡོད་ཁང་ལེགས་པོར་འདུག་པའི་ཕྱོགས་སུ་བསྒྱུར་ཅིང་། ཁྱོན་བསྡོམས་མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ་དང་སྡེ་ཁུལ་རྙིང་བའི་བསྒྱུར་བཀོད་ལས་གཞིའི་སྡོད་ཁང་ཁྲི28.93ལག་བསྟར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་བྱུང་།

ལོ་ངོ་ལྔའི་རང་། རང་ཞིང་གིས་མགྱོགས་མྱུར་སྒོས་འགན་སྲུང་རང་བཞིན་གྱི་སྡོད་ཁང་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་བྱས་པ་དང་། སྤྱི་བའི་གླ་ཁང་དུ་སྡོད་པའི་ཆོག་འཐུས་དང་། བཀོད་སྒྲིག འཁོར་རྒྱུག་དོ་དམ་ཚད་ལྡན་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་མཁར་གྲོང་གི་སྡོད་ཁང་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་དང་། གསར་སྣོན་སྡེབ་སྒྲིག་བྱས་པའི་སྤྱི་བའི་གླ་ཁང་གི་སྡོད་ཁང་ཁྲི4.82ཡོད་པ་དང་། སྡོད་ཁང་གླ་བའི་ཁ་གསབ་དུད་ཁྱིམ་ཁྲི6.64བྱིན་པ་དང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་ཡོང་སྒོ་དམའ་བའི་སྡོད་ཁང་ཐད་དཀའ་ཁག་ཡོད་པའི་དུད་ཁྱིམ་ལ་འགན་སྲུང་ཐོབ་ཅིང་། ཁོར་སྲུང་དང་། སྤྱི་སྤྱོད་སོགས་ཀྱི་སྤྱི་བའི་ཞབས་ཞུ་ལས་རིགས་དང་གསར་དུ་ལས་ཞུགས་བྱས་པའི་ལས་བཟོ་བ། ཕྱི་ནས་ཡོང་བའི་ལས་བཟོ་བ་སོགས་གྲོང་མི་གསར་བའི་དུས་རིམ་རང་བཞིན་གྱི་སྡོད་ཁང་ཐད་ཀྱི་དཀའ་ཁག་ཡོད་པར་འགན་སྲུང་ཐོབ་ཅིང་། མཁར་གྲོང་གི་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་བྱུང་། 

དུས་མཚུངས་སུ། ཚོང་ར་ཅན་གྱི་བཅོས་བསྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཚོང་རའི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་སྡོད་ཁང་མཁོ་འདོན་ཁ་བསྣོན་བྱས་ནས། རིམ་པ་མང་པོའི་སྡོད་ཁང་དགོས་མཁོ་བསྐངས་ཤིང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ39.4སླེབས་ཤིང་། དུད་ཁྱིམ་རེར་སྡོད་ཁང1.2ཡོད་ཅིང་། སྡོད་ཁང་གི་ཞབས་ཞུ་ཁེབས་ཚད70%ཡན་ལ་སླེབས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་གི་སྤུས་ཚད་དང་སྡོད་ཁང་གི་ཁོར་ཡུག་མཐོར་འདེགས་བྱུང་ནས། སྲིད་གཞུང་གཙོ་བྱས་ཏེ་མཁོ་འདོན་གྱི་རྩ་བའི་འགན་སྲུང་དང་། ཚོང་ར་གཙོ་བྱས་པའི་རིམ་པ་མང་པོའི་དགོས་མཁོ་ཡོད་པའི་སྡོད་ཁང་མཁོ་འདོན་མ་ལག་ཐོག་མར་འཛུགས་སྒྲུབ་བྱས།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།