ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྲོང་མི་ཞབས་ཞུ་ལྟེ་གནས་ཀྱིས་དམངས་ཡོངས་ལ་ཆེས་ལེགས་པའི་ཞབས་ཞུ་མཁོ་འདོན་བྱས།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྲོང་མི་ཞབས་ཞུ་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། ཞབས་ཞུ་ཚོམས་ཆེན་དུ་ཆེད་དུ“རྒན་པར་གཅེས་པའི་ཞབས་ཞུ་སྟེགས་བུ”སྐྲུན་པ་དང་། རྒན་པ་དག་སྲིད་དོན་ཚོམས་ཆེན་དུ་བྱ་བ་སྒྲུབ་པར་སོང་ན། ལས་བཟོ་བའི“སྟབས་བདེ་བགྲོད་ལམ”བརྒྱུད་དེ“རྒན་པ་དག་ལ་བརྩེ་སེམས་འབུལ་བའི་ཞབས་ཞུ་དང་བླངས་པ”ཞེས་རྒན་པ་དག་ལ་ཆེད་དུ་དབང་བའི་རོགས་སྒྲུབ་དང་ཚབ་སྒྲུབ་ཀྱི་ཞབས་ཞུ་སྐྲུན་པ་མ་ཟད། རང་འགུལ་གྱིས་རམ་འདེགས་བྱས་ཏེ་རོགས་སྒྲུབ་བྱེད་པའི་ཞབས་ཞུ་སྣ་མང་སྐྲུན། སྔོན་ཆད་ཀྱི་ཁ་པར་བཟུང་ཡོད་པ་དང་སྐད་འཕྲིན་མེད་པའི་རྒན་པ་དག་གི་བདེ་ཐང་ཨང་གྲངས་ཐོ་འགོད་བྱེད་ཐབས་མེད་པའི་གནས་ཚུལ་ལ་གཞིགས་ནས། སྲིད་དོན་ཚོམས་ཆེན་གྱི་ནང་དུ་འགྲོ་བའི་སྒོ་ཁ་རུ་དང་བླངས་པ་དང་ལས་བཟོ་མི་སྣའི་ཆེད་དུ་ཞབས་ཞུ་སྒྲུབ་སྟེ་ལག་ཁྱེར་ཐོབ་ཐང་དང་སྤྱི་ཚོགས་འགན་སྲུང་བྱང་བུ་སོགས་ཆ་འཕྲིན་གསལ་བོ་ཡིན་པའི་དཔང་ཡིག་གིས་བདེ་ཐང་ཨང་གྲངས་ཞིབ་དཔྱད་བྱས་པ་རེད། དྲ་རྒྱའི་ན་གཞོན་དག་གི་འཚོ་བར་སྟབས་བདེ་སྐྲུན་པ་དང་ཆབས་ཅིག་རྒན་པ་དག་གི་འཚོ་བར་དཀའ་ངལ་བཟོས་ཡོད་པས།  མཁར་ཤར་ཁུལ་གྲོང་མི་ཞབས་ཞུ་ལྟེ་གནས་ཀྱིས་རྒན་པ་དག་གི་བྱ་བ་སྒྲུབ་པར་སྟབས་བདེ་བསྐྲུན་ཆེད་བྱ་ཐབས་སྣ་ཚོགས་བསྐྲུན་ཏེ་བརྒྱུད་རིམ་སྟབས་བདེ་བཟོས་པ་དང་ཞབས་ཞུའི་ཁྱབ་རྒྱ་ཇེ་ཆེར་བཏང་བ་བཅས་བྱས་ནས།  རྒན་པ་དག་གི་འཚོ་བ་ཕྱོགས་ཡོངས་ནས་ཆ་ཚང་དུ་བཏང་བ་དང་སེམས་ཁུར་བྱེད་པ།  ཐད་ཀར་དུ་ཞབས་ཞུ་སྒྲུབ་པར་ཁག་ཐེག་བྱས་ནས། དམངས་ཚོགས་ཀྱི་འཚོ་བར་ཕྱོགས་ཡོངས་ནས་དཀའ་ཁག་མེད་པ་དང་བྲལ་བ་མེད་པ།  དཀའ་གནད་ཡོངས་སེལ་བ་བཅས་བྱས་ནས་དམངས་ཚོགས་རེ་རེར་ཆེས་ལེགས་པའི་ཞབས་ཞུ་མཁོ་འདོན་བྱས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།