མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔོན་ལ་མ་དངུལ་སྒོར་དུང་ཕྱུར19.35བཏང་ནས་གནོད་འགོག་གནོད་སེལ་དང་དཔྱིད་འདེབས་བྱ་བར་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོབས་ཤུགས་ཡོད་རྒུས་ད་ལོའི་གནོད་འགོག་གནོད་སེལ་དང་དཔྱིད་འདེབས་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་དུས་ཚིགས་ལ་འགོར་འགྱངས་མི་ཡོང་བར་ཁག་ཐེག་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔ་མོ་ནས་བཀོད་སྒྲིག་དང་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར19.35བཀོད་སྒྲིག་བྱས་ཏེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་བྱ་བར་མ་དངུལ་གྱི་འགན་སྲུང་མཁོ་འདོན་བྱས། 

ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་གནས་སོ་སོའི་ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་ཀྱི་གནོད་སེལ་མ་དངུལ་སྒོར་དུང་ཕྱུར1.14བཏང་ནས། ཞིང་ཕྱུགས་ལས་ཐད་ཀྱི་ཕྱུག་ཟོག་གི་གཟན་རྩྭ་གསོག་ཉར་དང་། དཔྱིད་འདེབས་ཐོན་སྐྱེད་ཀྱི་རང་བྱུང་གནོད་འཚེ་འགོག་པའི་ཐད་རྒྱབ་སྐྱོར་དང་། རྨོ་ཞིང་གི་སྲུང་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.11བཏང་སྟེ། ས་གནས་སོ་སོའི་ཞིང་བའི་བཅུད་ལྡན་ལུད་རྫས་དང་། སོག་མའི་ལུད་རྫས་བེད་སྤྱོད་སོགས་ཀྱི་རྣམ་པས། རྨོ་ཞིང་གི་སྤུས་ཚད་མཐོ་རུ་བཏང་ནས། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱས་ཤིང་། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར0.57བཏང་ནས། ས་གནས་སོ་སོའི་ཞིང་ལས་ཐོན་སྐྱེད་ཀྱི་མི་སྒེར་དང་ཞིང་ཕྱུགས་ལས་ཐོན་སྐྱེད་ཚོང་གཉེར་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་པ་དང་། གཏན་འཁེལ་ལྟར་ཉོ་སྒྲུབ་བྱེད་པ་དང་ཞིང་ལས་འཕྲུལ་ཆས་གསར་སྒྱུར་གྱི་ཁ་གསབ་ལྟར། ཆུ་བེད་འཕེལ་རྒྱས་ཐད་ཀྱི་མ་དངུལ་སྒོར་དུང་ཕྱུར13.53བཏང་ནས། ཞིང་ལས་ཆུ་བེད་སྒྲིག་ཆས་དང་། ཆུ་བེད་སྒྲིག་ཆས་དང་དེང་རབས་ཅན་གྱི་ཆུ་གྲོན་ཆུང་བསྒྱུར་བཀོད་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་རྒྱབ་སྐྱོར་བྱས་ཏེ། ས་གནས་སོ་སོའི་རྨོ་ཞིང་ཆུ་འདྲེན་འགན་སྲུང་ནུས་ཤུགས་མཐོར་འདེགས་སུ་བཏང་། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།