གཅིག་སྒྲིལ་རྫོང་གིས་སློབ་མ་དབང་བོ་སྐྱོན་ཅན་ལ་སློབ་གསོ“ཁེ་ཕན”སྔར་ལས་མང་བ་ལོངས་སྤྱོད་ཐུབ་པར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བྱིས་པ་དབང་བོ་སྐྱོན་ཅན་རྣམས་ཀྱིས་ཁྱོན་ཡོངས་ནས་ལོ་བཅུ་གཉིས་ལ་སློབ་ཡོན་མི་དགོས་པའི་སློབ་གསོ་ཐོབ་པ་དང་སློབ་མ་དབང་བོ་སྐྱོན་ཅན་རྣམས་ཀྱི་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བ། སློབ་མ་དབང་པོ་སྐྱོན་ཅན་རྣམས་ཀྱི་སློབ་ཞུགས་རོགས་སྐྱོར་བྱེད་པར་ཤུགས་སྣོན་བྱ་ཆེད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་འགོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ལོ་ན་མ་སོན་པའི་བྱིས་པ་དབང་བོ་སྐྱོན་ཅན་དང་། མཐོ་རིམ་སློབ་འབྲིང(མཐོ་རིམ་ལས་རིགས)དང་སློབ་ཆེན(ཆེད་ཚན་སློབ་ཆེན)གྱི་གཞོན་ནུ་ལོ་ཆུང་དབང་བོ་སྐྱོན་ཅན་གྱི་ཚོགས་སྤྱིར་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་མ་དབང་བོ་སྐྱོན་ཅན་ལ་སློབ་གསོའི་ཕན་འབྲས་སྔར་བས་མང་བ་ཐོབ་ཏུ་བཅུག 

ཤེས་རྟོགས་བྱུང་བ་ལྟར་ན། དབང་བོ་སྐྱོན་ཅན་ཡིན་པའི་དབང་གིས་གཅིག་སྒྲིལ་རྫོང་གི་བྱིས་པ་མི་ཉུང་བ་ཞིག་ལ་སློབ་གསོའི་མཐའ་མཚམས་ཅན་གྱི་གནས་ཚུལ་ལ་འཕྲད་ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་བཟོ་སྐབས། གཅིག་སྒྲིལ་རྫོང་གིས་དབང་བོ་སྐྱོན་ཅན་གྱི་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས་པ་དང་ལྷག་པར་དུ་ལོ་ན་མ་སོན་པའི་བྱིས་པ་དབང་བོ་སྐྱོན་ཅན་དང་སློབ་མ་དབང་བོ་སྐྱོན་ཅན་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། བྱིས་པ་དབང་བོ་སྐྱོན་ཅན་རིགས་གསུམ་པའི་སློབ་སྦྱོང་གི་སྦྱངས་འབྲས་དེ་དགེ་རྒན་མི་སྒེར་གྱི་སློབ་ཁྲིད་གྲུབ་འབྲས་སུ་མི་བརྩི་བར་གཏན་འབེབས་བྱས་ཡོད། ཆ་རྐྱེན་ཡོད་པའི་བྱིས་པ་དབང་བོ་སྐྱོན་ཅན་གྱིས་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱ་རྒྱུར་ལྕག་སྐུལ་བྱས་པ་དང་། སློབ་གྲྭར་ཡོང་མི་ཐུབ་པའི་སློབ་མ་དབང་བོ་སྐྱོན་ཅན་ལ་ཁྱིམ་དུ་སློབ་ཁྲིད་བྱེད་པར་ཞབས་འདེགས་ཞུ་རྒྱུ་རེད། དུས་མཚུངས་སུ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་བྱིས་པ་དབང་བོ་སྐྱོན་ཅན་ལ་འཚམ་པའི་དམིགས་བསལ་སློབ་གསོའི་ཚོད་ལྟའི་འཛིན་གྲྭ་སྐྲུན་བཞིན་ཡོད། 

མིག་སྔར། གཅིག་སྒྲིལ་རྫོང་གིས་སློབ་སྔོན་དུས་རིམ་གྱི་སློབ་མ་དབང་བོ་སྐྱོན་ཅན་ལ་མི་རེར་ལོ་རེར་སྒོར3000གི་སྤྱི་ཕན་རྒྱན་ཤོག་གི་སློབ་སྐྱོར་རོགས་དངུལ་རྣམ་གྲངས་དང་། མཐོ་རིམ་སློབ་འབྲིང(མཐོ་རིམ་ལས་རིགས)དང་སློབ་ཞུགས་སློབ་ཆེན(ཆེད་ཚན་སློབ་ཆེན)གྱི་སློབ་མར་མི་རེར་ལོ་རེར་སྒོར2000དང་སྒོར3000གི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སློབ་སྐྱོར་རོགས་དངུལ་སྤྲད་ཀྱིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།