མཚོ་སྔོན་ཞིང་ཆེན་གྱིས་རྒུད་ཚབ་ལས་སྤྲོད་མ་དངུལ་སྒོར་ཁྲི7050བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་བྱ་བར་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བརྩོན་ལེན་ཧུར་ཐག་བྱས་མཐར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་མཚོ་སྔོན་ཞིང་ཆེན་གྱི2021ལོའི་ཀྲུང་དབྱང་ནོར་སྲིད་སྔོན་རྩིས་ནང་ནས་རྒུད་ཚབ་ལས་སྤྲོད་མ་དངུལ་སྒོར་ཁྲི7050བཏང་ནས། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར)8ཀྱི་ཞིང་ཁའི་ཆུ་བེད་དང་། གྲོང་གསེབ་བགྲོད་ལམ། ཆུ་ཕྲན་འབབ་རྒྱུད་བཅོས་སྐྱོང་བྱེད་པ་སོགས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ལས་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་རྒུད་ཚབ་ལས་སྤྲོད་མ་དངུལ་སྒོར་ཁྲི7050གཏོང་ཡུལ་ཧོང་ཡོན་རྫོང་དང་། ལིག་ཏུའུ་ཆུས། དཔའ་ལུང་རྫོང་། གུང་ཧོ་རྫོང་། ཁྲི་ཀ་རྫོང་། མིན་ཡོན་རྫོང་། ཐུན་རིན་གྲོང་ཁྱེར། གཅན་ཚ་རྫོང་བཅས་ཀྱི་རྫོང(གྲོང་ཁྱེར་དང་ཆུས་)8ཡིན་པ་དང་། སྔོན་དཔག་བྱས་པ་ལྟར་ན་ངལ་ལས་གླ་ཆ་སྒོར་ཁྲི1060ཡན་སྤྲད་ནས། རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མང་ཚོགས500ལྷག་ཙམ་ལས་གཞི་འཛུགས་སྐྲུན་ལ་ཞུགས་རྒྱུ་རེད། མིག་སྔར་རྒུད་གསབ་ལས་སྤྲོད་སྐོར་གྱི་འཆར་གཞི་ཚང་མ་འབྲེལ་ཡོད་རྫོང(གྲོང་ཁྱེར)དུ་བརྒྱུད་སྤྲོད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།