མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞང་གིས་བྱ་བར་བླང་བྱ་བཏོན།

ཞིན་ཁྲང་ཞང་གིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཁ་ཕྱོགས་ཏེ། གནམ་གཤིས་ལས་དོན་གྱི་ནུས་པ་འདོན་སྤེལ་བྱེད་པའི་བར་སྟོང་སྔར་ལས་ཆེ་བ་དང་། ལས་འགན་སྔར་ལས་ལྕི་ཞིང་། འགན་འཁྲི་སྔར་ལས་ཆེ་བར་བསྟན་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནམ་གཤིས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བཅོས་བསྒྱུར་གསར་གཏོད་དང་། བློ་རྩ་བརྟན་པོས་ཡར་རྒྱས་ལ་བརྩོན་ལེན། གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ལྟ་ཞིབ་ཚད་ལེན་ཞིབ་ཚགས་དང་། སྔོན་བརྡ་གནད་ཁེལ། ཞབས་ཞུ་ཞིབ་ཚགས་བཅས་ལ་ཤུགས་ཆེན་པོ་བཏོན་ནས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བར་ཞབས་ཞུ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་སྟེང་བསྟན་དོན། 2020ལོར་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པས་འགག་སྒྲོལ་དཀའ་སེལ་དང་། གནམ་གཤིས་གནོད་འགོག་གནོད་སེལ་གྱི་འགོག་སྲུང་འཛིང་རགས་དང་པོའི་ནུས་པ་ཕན་ནུས་ལྡན་པའི་ངང་འདོན་སྤེལ། ཞབས་ཞུའི་འགན་སྲུང་འགག་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན། ལྟ་དཔྱད་ཚད་ལེན་གྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། སྤྱི་པའི་གནམ་གཤིས་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བ་རེད། 2021ལོར་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་མ་ལག་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅུ་བཞི་པའི”མཚོ་སྔོན་གྱི་གནམ་གཤིས་ལས་དོན་གོང་དུ་སྤེལ་བར་ཇུས་འགོད་དང་། ཆུ་ཚད་སྔར་ལས་མཐོ་བའི་གནམ་གཤིས་ཚན་རྩལ་གསར་སྐྲུན་མ་ལག་དང་། ལྟ་དཔྱད་ཚད་འཇལ་མ་ལག སྔོན་དཔག་མ་ལག ཞབས་ཞུའི་མ་ལག བཅོས་སྐྱོང་མ་ལག་བཅས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། གནམ་གཤིས་ཞབས་ཞུ་ཡིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་འགན་སྲུང་བྱེད་པའི་ནུས་པ་དང་ཆུ་ཚད་མུ་མཐུད་ཇེ་མཐོར་གཏོང་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།