མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བཅུ་གཅིག་པའི་ལས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བཅུ་གཅིག་པའི་ལས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ།

གྲོས་ཚོགས་སྟེང2020ལོའི་རྒྱལ་སྤྱི་རྒྱལ་ནང་གི་སྣ་མང་རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏད་དེ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྟེ་བའི་ཞབས་ཞུའི་ཁྱོན་ཡོངས་ལ་དམིགས་པ་རྒྱུན་འཁྱོངས་དང་། དམངས་གཉེར་ཁེ་ལས་བསམ་བློའི་ངོས་འཛིན་གཅིག་མཐུན་དང་ཞབས་ཞུའི་ལས་ཐོན་སླར་གསོ་ཡོང་བར་ཁྲིད་སྟོན་བྱས་ནས། ནན་ཏན་གྱིས“བརྟན་བརླིང་དྲུག”གི་ལས་དོན་ལེགས་སྒྲུབ་དང“འགན་སྲུང་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་ཧུར་ཐག་གིས་ནུས་པ་འདོན་སྤེལ་དང་། སྤུས་ཚད་མཐོ་བའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་འགན་འཁུར་བ་བཅས་བྱས་ནས། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཅེས་བསྟན།

ཚོགས་འདུའི་སྟེང2021ལོར་ཞིང་ཆེན་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་ཁག་གི་རྩ་འཛུགས་ཀྱིས་དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་དང་བསྟུན་པར་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན་པ། ཁེ་ལས་པ་གྲགས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས། དམངས་གཉེར་དཔལ་འབྱོར་གྱི་མི་སྣའི་བསམ་བློ་དང་ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁེ་ལས་གསར་གཏོད་དང་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་སྣེ་ཁྲིད་པ། སྤུས་ཚད་མཐོ་བའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཞབས་འདེགས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་ཧུར་ཐག་གཏོང་བར་བྱས་རྗེས་གསར་བ་བཞག་སྟེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འགོ་ལེགས་པར་རྩོམ་པར་ཁག་ཐེག་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་དགོས་པར་བསྟན།

གྲོས་ཚོགས་སྟེང་འབྲེལ་ཡོད་མི་དོན་དོན་ཚན་ལ་གྲོས་ཞིབ་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་སྔོན་ཐོན་དམངས་གཉེར་ཁེ་ལས་ལ་གཟེངས་བསྟོད་བྱས་པ་མ་ཟད་བྱ་དགའི་རྟགས་མ་གནང་བ་དང་། གྲོས་ཚོགས་ལ་ཞུགས་པའི་མི་སྣར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་གྱི་ཆེད་དོན་ཟུར་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།