མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་རི་སྐྱེས་རྨིག་ཐོགས་སྲོག་ཆགས་ལ་ཆེད་དོན་བརྟག་དཔྱད་ཐེངས་དང་པོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་མདོ་ལ་དང་མིན་ཡོན། ཐེམ་ཆེན། གཏེར་ལེན་ཁ་སོགས་ས་ཁོངས་སུ་རི་སྐྱེས་རྨིག་ཐོགས་སྲོག་ཆགས་ལ་ཆེད་དོན་བརྟག་དཔྱད་བྱེད་པའི་ལས་དོན་ཐོག་མར་སྤེལ་བ་རེད། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་གཙོ་བོར་བརྟག་དཔྱད་བྱ་རྒྱུ་དེ་མ་ལག་ཅན་དང་ཆེད་ལས་ཅན། ཁྱོན་ཡོངས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དེས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་རྗེས་ཀྱི་སྲུང་སྐྱོང་འཛུགས་སྐྲུན་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལག་ལེན་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་མཁོ་འདོན་བྱས་པ་མཚོན་ཡོད། 

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་། མཚོ་སྔོན་ཡུག་ཁུལ་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བརྟག་དཔྱད་ལས་དོན་རབ་དང་རིམ་པ་སྤེལ་ནས་མཚོ་སྔོན་ཡུག་ཁུལ་དུ་འབྲོང་དང་། ཤྭ་དམར། གཉན། ཤྭ་སྐྱ། གནའ་བ། གླ ཁ་ཤྭ རྐྱང་། གཙོད་སོགས་རྨིག་ཐོགས་སྲོག་ཆགས་རིགས9ལ་ཤེས་རྟོགས་རགས་ཙམ་བྱས་པ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། བརྟག་དཔྱད་དེ་དུས་མཚམས3ལ་དབྱེ་ནས་སྤེལ་རྒྱུ་ཡིན་ཏེ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དེ་དྲ་མིག141ལ་དགར་ནས། བཅར་འདྲི་བྱེད་སས་དྲ་མིག་སོ་སོའི་ཁྲོད་དུ་དམིགས་འབེན་སྲོག་ཆགས་རིགས་མཐོང་བའི་གནས་ཚུལ་བསྡུ་རུབ་བྱེད་རྒྱུ་ཡིན་པ་དང་། དུས་མཚུངས་སུ་བཅར་འདྲི་བྱེད་སའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཚོད་འཛིན་དང་། སྐྱེ་ཁམས་གནས་སྤོ། ཕྱུགས་རིགས་བཀག་འགོག རྒྱལ་ཁབ་སྤྱི་གླིང་གི་ཡུལ་སྐོར། སྲུང་སྐྱོང་གྲུབ་འབྲས་གཏོང་སྤྲོད་སོགས་སྲུང་སྐྱོང་ཐེ་ཇུས་ལམ་སྲོལ་དང་བྱ་ཐབས་ཐད་ཀྱི་ལྟ་ཚུལ་དང་རྣམ་འགྱུར་ལ་བརྟག་དཔྱད་བྱེད་རྒྱུ་རེད། དེར་མ་ཟད་བཅར་འདྲི་བྱེད་ཡུལ་ལ་ས་གནས་དེ་གའི་རི་སྐྱེས་རྨིག་ཐོགས་སྲོག་ཆགས་སྲུང་སྐྱོང་ཐད་ཀྱི་གནད་དོན་ལ་གྲོས་བསྡུར་གཏིང་ཟབ་བྱེད་རྒྱུ་རེད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།