མཚོ་སྔོན་ཞིང་ཆེན་གྱི2021ལོའི་དམག་བསྡུ་བྱ་བ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམག་བསྡུ་གཞུང་སྒྲུབ་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2021ལོའི་དམག་བསྡུ་བྱ་བ་འགོ་བརྩམས། ལོ་སྟོད་ཀྱི་དམག་བསྡུ་དེ་ཟླ2པའི་ཚེས20ཉིན་ནས་མགོ་བརྩམས་ཤིང་ཟླ3པའི་ཚེས31ཉིན་མཇུག་སྒྲིལ། ལོ་སྨད་ཀྱི་དམག་བསྡུ་དེ་ཟླ8པའི་ཚེས15ཉིན་ནས་བཟུང་མགོ་བརྩམས་ཏེ་ཟླ9བའི་ཚེས30ཉིན་མཇུག་སྒྲིལ། དམག་བསྡུའི་ཆབ་སྲིད་ཆ་རྐྱེན་དང་ལུས་ཕུང་གི་ཆ་རྐྱེན་སོ་སོར《དམག་བསྡུའི་ཆབ་སྲིད་རྒྱུགས་ལེན་དཔྱད་ཞིབ་བྱ་བའི་གཏན་འཁེལ》དང་《དམག་མིར་བསྡུ་འོས་སྤྱི་དམངས་ཀྱི་ལུས་ཕུང་བརྟག་བཤེར་ཚད་གཞི》སོགས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ལག་བསྟར་བྱ་རྒྱུ་རེད།

དམག་བསྡུའི་ཁ་གཏོད་ས་ནི་སློབ་ཆེན་སློབ་མ་གཙོ་བྱས་པའི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སློབ་མ་དང་དམག་འཐབ་ལ་མཁོ་བའི་ལག་རྩལ་འཇོན་མི་དམིགས་བསལ་གྱིས་བསྡུ་རྒྱུ་རེད། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་མཐོ་རིམ་སློབ་གྲྭ་གཅིག་བསྡུས་ས་ཁུལ་དུ་མཐོ་འབྲིང་མཐར་ཕྱིན་སློབ་མ་ཡན་གྱི་རིག་གནས་ཚད་གཞི་ལྡན་པའི་གཞོན་ནུ་དང་། ས་ཁུལ་གཞན་དག་ཏུ་རིམ་བཞིན་དམའ་འབྲིང་མཐར་ཕྱིན་སློབ་མའི་བསྡུ་ལེན་མེད་པར་གཏོང་རྒྱུ་རེད། སྤྱིར་བཏང་གི་མཐོ་རིམ་སློབ་གྲྭའི་སློབ་མ་དང་མཐོ་རིམ་སློབ་གྲྭར་ཡོད་པའི་སློབ་མ། དེ་མིན་ཆེད་ལས་སློབ་གྲྭར་རྒྱལ་ཁབ་ཀྱིས་ཁས་ལེན་པའི་མཐོ་རིམ་ཡན་གྱི་ཆེད་ལས་རྩལ་ནུས་དཔང་ཡིག་ཡོད་པའི་མཐར་ཕྱིན་སློབ་མ་དང་། ལས་ཁུངས། ཚོགས་པ། ཁེ་ལས་ལས་དོན་ལས་ཁུངས་སུ་འབྲིང་རིམ་ཆེད་ལས་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་གཞོན་ནུ་དག་དམག་བསྡུ་སུ་ཞུགས་ཆོག དམག་བསྡུའི་སྐྱེས་མ་གཞོན་ནུ་ལ་སྤྱིར་བཏང་གི་མཐོ་འབྲིང་མཐར་ཕྱིན་སློབ་མ་དང་སྤྱིར་བཏང་གི་མཐོ་རིམ་སློབ་གྲྭའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐར་ཕྱིན་སློབ་མ་དང་སློབ་གྲྭར་ཡོད་པའི་སློབ་མ། 2020ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐར་ཕྱིན་སློབ་མ་དག་གིས2021ལོའི་ལོ་སྟོད་ཀྱི་སྐྱེས་མའི་དམག་བསྡུའི་ཁྲོད་མིང་ཐོ་བཀོད་ཆོག  

གནོད་སེལ་རྒུབ་སྐྱོབ་དང་གནོད་ཁུལ་བསྐྱར་སྐྲུན་ཁྲོད་ཕུལ་དུ་བྱུང་བའི་ཕུལ་བྱུང་གཞོན་ནུའི་ཆ་རྐྱེན་དང་འཚམས་པ་དག་སྔོན་ལ་དམིགས་བསལ་གྱིས་དམག་ཁོངས་དུ་བསྡུ་རྒྱུ་རེད།  སྔོན་གཤེགས་དཔའ་བོ་དང་གཞུང་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་དམག་མི། ནད་ཀྱི་དབང་གིས་འདས་སོང་དུ་གྱུར་བའི་དམག་མིའི་བུ་བུ་མོ། སྤུན་མཆེད་དང་དམག་ཁོངས་སུ་ཡོད་པའི་དམག་མིའི་བུ་བུ་མོ་ཆ་རྐྱེན་དང་མཐུན་པ་སྔོན་ལ་དམིགས་བསལ་གྱིས་དམག་ཁོངས་སུ་བསྡུ་རྒྱུ་ཡིན་པ་དང་།   གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དུ་སྐད་གཉིས་ཤེས་པ་དང་རིག་གནས་ཆུ་ཚད་ཅུང་མཐོ་བ། ཕྱོགས་བསྡུས་སྤུས་ཚད་ཅུང་བཟང་བའི་གྲངས་ཉུང་མི་རིགས་ཀྱི་གཞོན་ནུ་མང་པོ་དམག་ཁོངས་སུ་བསྡུ་རྒྱུ་རེད། 

དམག་བསྡུའི་ལོ་ཚོད་ནི་སྐྱེས་པ་2021ལོར་ལོ་ན18ནས་22ལ་སོན་པའི་བར་དང་། སྤྱིར་བཏང་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་དང་། མཐར་ཕྱིན་ཆ་རྐྱེན་དང་མཐུན་པའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཡིན་ན་ལོ་ཚོད24ཡིན་ཆོག་པ་དང་། དམའ་འབྲིང་མཐར་ཕྱིན་སློབ་མའི་རིག་གནས་ཆུ་ཚད་ཀྱི་སྐྱེས་པའི་ལོ་ཚོད་ལོ20ལས་བརྒལ་མི་རུང་། སྐྱེས་མ2021ལོར་ལོ་ཚོད18ནས་22བར་ཡིན་དགོས་ཤིང་། ལོ་སྟོད་ཀྱི་དམག་བསྡུ་བྱེད་པའི2020ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐར་ཕྱིན་སློབ་མ་ཡིན་ན་ལོ23ཡིན་ཆོག 

སྤྱི་དམངས་ཀྱི་ལུས་ཕུང་བརྟག་བཤེེར་དང་ཆབ་སྲིད་རྒྱུགས་ལེན་དཔྱད་ཞིབ་ཚད་ལྡན་ཡིན་པ་དང་དམག་བསྡུའི་ཆ་རྐྱེན་གཞན་དག་དང་མཐུན་པ་ཡིན་ན། ས་གནས་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་དམག་བསྡུ་གཞུང་ལས་ཁང་ནས་དམག་ཁོངས་སུ་ཞུགས་ཆོག་པར་ཆོག་མཆན་བཀོད་ཆོག   ལོ་ཚོད་རན་པའི་གཞོན་ནུས་མིང་ཐོ་འགོད་པར་རྒྱལ་ཡོངས་དམག་བསྡུ་དྲ་བ(http://www.gfbzb.gov.cn/)བརྒྱུད་ནས་མིང་ཐོ་བཀོད་ཆོག  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།